ལྦིཏ་ནམ་གྱིས་རྩོད་གཞི་ཅན་གྱི་རྒྱ་མཚོ་ཐོག་དམག་སྦྱོང་བྱ་རྒྱུ།

ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་ལྦིཏ་ནམ་མཚོ་དམག་གིས་གོ་མཚོན་དངོས་སུ་བེད་སྤྱོད་གཏོང་བའི་དམག་རྩལ་སྦྱོང་བརྡར་འགོ་འཛུགས་བྱེད་རྒྱུ།

2011.06.10

༄༅༎ལྦིཏ་ནམ་དང་རྒྱ་ནག་དབར་ལ་གཏེར་གྱི་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་གཞི་ཡོད་མུས་ཁར། ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་རྩོད་གཞི་ཅན་གྱི་རྒྱ་མཚོ་དེའི་ཐོག་རྒྱ་མིའི་གསང་བའི་མྱུལ་ཞིབ་གྲུ་འཛིངས་དང་ལྦིཏ་ནམ་ཡི་རྡོ་སྣུམ་བསྔོག་འདོན་བྱེད་མཁན་གྲུ་འཛིངས་དབར་གདོང་ཐུག་བྱུང་ཡོད་པ་དང། དེ་ནི་ལྦིཏ་ནམ་ཕྱོགས་ནས། རྒྱ་མིའི་མྱུལ་ཞིག་གྲུ་འཛིངས་ཀྱིས་ཁོང་ཚོའི་གྲུ་འཛིངས་ཐོག་བརྙས་བཅོས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་པ་དང་ཆབས་ཅིག རྒྱ་ནག་གི་གྲུ་འཛིངས་ཀྱིས་ལྦིཏ་ནམ་རྒྱལ་ཁབ་ཀྱི་བདག་དབང་གི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཐད་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་བྱས་ལུགས། རྒྱ་ནག་ཕྱོགས་ནས་རྩོད་གཞི་ཅན་གྱི་ས་ཆའི་ཐོག་བཙན་འཛུལ་རྒྱ་བསྐྱེད་བྱེད་པའི་སྐྱོན་བརྗོད། ཁོང་ཚོའི་གྲུ་འཛིངས་སྐྱོན་ཆག་བྱུང་བ་དེར་གུན་གསབ་འཇལ་དགོས་པའི་དགོས་འདུན་བཏོན་པ་སོགས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་ཡོད་པ་རེད།

དེ་རིང་ལྦིཏ་ནམ་གྱི་རྡ་ནང་གྲོང་ཁྱེར་གྱི་ཚོ་ཁག་གསུམ་པའི་མཚོ་དམག་དཔོན་རིགས་ནས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། ལྦིཏ་ནམ་མཚོ་དམག་གིས་གོ་མཚོན་དངོས་སུ་བེད་སྤྱོད་གཏོང་བའི་དམག་རྩལ་སྦྱོང་བརྡར་དེ་ནི། ཕྱི་ཟླ་དྲུག་པའི་ཚེས་༡༣ ནས་འགོ་བཙུགས་ཏེ་དུས་ཡུན་ཚོུད་དྲུག་རིང་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་མ་ཟད། མཚན་དགུང་གི་དམག་རྩལ་སྦྱོང་བརྡར་ནི་ལྦིཏ་ནམ་དབུས་ཀྱི་ཀུའང་ནམ་ཞིང་ཆེན་ནས་ལམ་ཐག་ཀི་ལོ་མི་ཊར་༤༠ ཙམ་གྱི་མཚམས་སུ་ཡོད་པའི་ཧོན་ཨོང་ཞིང་ཆེན་བརྒྱུད་དུ་བྱ་རྒྱུ་ཡིན་པ་གསུངས་ཡོད་ཀྱང་། དམག་རྩལ་སྦྱོང་བརྡར་དེ་བྱེད་དགོས་པའི་རྒྱུ་མཚན་དང༌། མཚོ་དམག་གི་དམག་གྲུ་ཇི་ཙམ་སྦྱོང་བརྡར་དེའི་ནང་ཞུགས་ཀྱི་ཡོད་མེད་ཀྱི་གནས་ཚུལ་བཀའ་འདྲི་ཞུས་པར་ལན་འདེབས་གནང་མེད་པ་རེད། རྒྱ་ནག་དང་ལྦིཏ་ནམ་དབར་ལ་རྩོད་གཞི་ཅན་གྱི་རྒྱ་མཚོ་དེའི་ཐོག་ཉེ་ཆར་ཕྱོགས་གཉིས་པོའི་གྲུ་འཛིངས་གདོང་ཐུག་བྱུང་བའི་དོན་རྐྱེན་འཕྲད་དེ་འབྲེལ་ལམ་ཛ་དྲག་ཏུ་གྱུར་བ་དེ་ནི་འདས་པའི་ལོ་མང་དེའི་ནང་ཡུལ་གྲུ་གཉིས་བར་འབྲེལ་ལམ་ཛ་དྲག་ཆེ་ཤོས་སུ་བྱུང་བར་ངོས་འཛིན་བྱེད་པ་དང༌། ཉེ་ཆར་ཕྱི་ཚེས་བདུན་ཉིན་ལྦིཏ་ནམ་མི་དམངས་བརྒྱ་ཕྲག་འགའ་ཤས་ལྦིཏ་ནམ་གྱི་རྒྱལ་ས་ཧ་ནོ་ཨི་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རྒྱ་མིའི་གྲུ་འཛིངས་ཀྱིས་ཁོང་ཚོའི་ས་ཁོངས་ཐོག་བཙན་འཛུལ་བྱེད་པར་ངོ་རྒོལ་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎