ཨ་རིའི་ནང་བོད་མི་གཉིས་ནས་གོམ་བགྲོད་ལས་འགུལ་སྤེལ་སྐོར།

ཨ་རིའི་མངའ་སྡེ་ཨིན་ཌི་ཡ་ན་ནས་གྲོང་ཁྱེར་ནིའུ་ཡོག་བར་གོམ་བགྲོད་གནང་མཁན་བོད་མི་གཉིས་ད་ཆ་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཕེབས་འབྱོར།

2009.04.04

༄༅༎འདི་ལོའི་སུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ཐམ་པའི་ཉིན་ནས་བཟུང་སྐུའི་གཅེན་པོ་དམ་པ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་དང་བྱང་ཨ་མི་རི་ཀའི་སྤྱི་འཐུས་ཟུར་པ་དབང་ཕྱུག་རྡོ་རྗེ་ལགས་རྣམ་པ་གཉིས་ཀྱིས་ཨ་རིའི་མངའ་སྡེ་ཨིན་ཌི་ཡ་ན་ནས་གྲོང་ཁྱེར་ནིའུ་ཡོག་བར་རྒྱང་ཐག་མེ་ལེ་དགུ་བརྒྱ་ལྷག་གི་ཞི་བའི་གོམ་བགྲོད་དབུ་བཙུགས་གནང་སྟེ་ཉིན་གྲངས་ཉི་ཤུ་རྩ་དྲུག་གི་རྗེས་སུ་ཕྱི་ཟླ་བཞི་པའི་ཚེས་གསུམ་ཉིན་ཨ་རིའི་རྒྱལ་སའི་ཁུལ་དུ་ཕེབས་འབྱོར་བྱུང་བ་དང་ཡང་ཁ་ས་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་ཆེ་རི་སྦོ་ལོ་སཱམ་ཟེར་བའི་ཁམ་བུའི་མེ་ཏོག་འདྲ་བའི་མེ་ཏོག་མང་པོ་ཞལ་ཁ་ཕྱེ་བའི་དུས་ཆེན་སྲུང་བརྩི་དང་སྟབས་འཁེལ་བར་བརྟེན་ཞི་བའི་གོམ་བགྲོད་གནང་མཁན་དང་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་གནང་མཁན་མང་པོ་བྱུང་འདུག དེ་ནས་ཞི་བའི་གོམ་བགྲོད་གནང་མཁན་སྲས་འཇིགས་མེད་ནོར་བུ་ལགས་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་རྣམ་གཉིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཕྱོགས་སུ་ཕེབས་རྒྱུ་དང་ནིའུ་ཡོག་ལ་ཡོད་པའི་རྒྱ་མིའི་གཞུང་ཚབ་མདུན་གོམ་བགྲོད་མཇུག་བསྡོམས་མཛད་སྒོ་གནང་འཆར་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎