བོད་རིགས་བེུད་རྩོམ་པ་པོ་འོད་ཟེར་གྱི་དྲ་གནས་ལ་གནོད་སྐྱོན་བཏང་བ།

བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱི་གནས་འཕྲིན་དྲ་བར་གནོད་སྐྱོན་བཏང་འདུག

2008.05.28

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གནས་སྡོད་བོད་རིགས་བུད་མེད་འོད་ཟེར་ལགས་ནས་ཉེ་དུས་བོད་ནང་བྱུང་དང་འབྱུང་བཞིན་པའི་བོད་མིའི་སྒེར་ལངས་ཀྱི་གནས་ཚུལ་ཁག ཁོ་མོའི་ཆེད་འཛུགས་བྱས་པའི་དྲ་གནས་ཐོག་ཉིན་ལྟར་འདོན་སྤེལ་བྱེད་བཞིན་པ་ལྟར་ འོད་ཟེར་གྱིས་བེད་སྤྱོད་བྱེད་བཞིན་པའི་ སི་ཀའེབ་ ཞེས་པའི་འབྲེལ་མཐུད་བརྒྱུད་ལམ་གྱི་ཨང་རྟགས་གཞན་གྱིས་རྐུ་འཁྱེར་བྱས་ཡོད་པས་ ཁོ་མོ་དང་ཁོ་མོར་འབྲེལ་གཏུགས་ཡོད་མཁན་གྱི་མི་རྣམས་ཆབ་སྲིད་ཀྱི་ཐོག་ནས་ཉེན་ཁ་འཕྲད་ཡོད་ཚུལ་ཁོ་མོའི་ཁྱོ་ག་སྐུ་ཞབས་ཝཱང་ལིས་ཞོང་གིས་རོའུ་ཀྲར་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག སི་ཀའེབ་ཞེས་པའི་དེང་རབས་ཀྱི་འཕྲུལ་རིག་དེ་ནི་གནས་འཕྲིན་དྲ་བ་བརྒྱུད་རིན་པ་སྤྲོད་མི་དགོས་པའི་ཐོག་ནས་ཁ་པར་གཏོང་ཆོག་པ་དང་ དེ་ནི་རྒྱ་ནག་ནང་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་ཁྲོད་དུ་ཧ་ཅང་གི་དར་ཁྱབ་ཆེན་པོ་ཡོད་པ་རེད་ རྒྱུ་མཚན་ནི་གསང་མྱུལ་བས་སྟངས་འཛིན་བྱེད་ཐུབ་ཀྱི་མེད་ འོད་ཟེར་ལགས་ནས་ཟེར་ན་ ངའི་གསང་བའི་ཨང་གྲངས་བརྗེ་བོ་བརྒྱབ་འདུག་པས་ ང་རང་གནས་འཕྲིན་དྲ་བའི་སྟེང་འགྲོ་ཐུབ་ཀྱི་མི་འདུག རྐུ་འཁྱེར་བྱེད་མཁན་དེས་ངའི་གྲངས་ཐོག་ཏུ་ཡོད་པའི་མི་རྣམས་ལ་འབྲེལ་གཏུགས་བྱེད་ཀྱི་འདུག་ཟེར་ འོད་ཟེར་ལགས་ནས་ཉེ་དུས་བོད་ནང་བྱུང་དང་འབྱུང་བཞིན་པའི་བོད་མིའི་སྒེར་ལངས་ཀྱི་གནས་ཚུལ་རབ་དང་རིམ་པ་བཞིན་མོ་རང་གིས་གཙོ་གཉེར་བྱས་པའི་དྲ་གནས་ཐོག་འདོན་སྤེལ་བྱེད་བཞིན་པར་བརྟེན་ པེ་ཅིན་ཉེན་རྟོག་པས་ཁོ་མོར་བལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎