རྒྱ་ནག་གི་སྲིད་བློན་འབར་མར་འཚམས་གཟིགས།

རྒྱ་ནག་གི་སྲིད་བློན་ནས་འབར་མའི་དྲག་པོའི་འགོ་ཁྲིད་ཚོ་དང་ཚོང་འབྲེལ་དང་བདེ་འཇགས་སོགས་ཀྱི་གནད་དོན་ཐད་བཀའ་མོལ་གནང་རྒྱུ།

2010.06.01

༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་འབར་མའི་ནང་ཕེབས་འབྱོར་གནང་ཡོད་པ་རེད་ ཁོང་གིས་འབར་མར་གཞུང་དོན་གཟིགས་བསྐོར་གནང་བའི་རིང་འབར་མའི་དྲག་པོའི་འགོ་ཁྲིད་ཚོ་དང་ལྷན་དུ་ཚོང་འབྲེལ་དང་ བདེ་འཇགས་ ད་ལོའི་ལོ་མཇུག་མཚམས་སུ་གོ་སྒྲིག་བྱ་རྒྱུ་ཡིན་པའི་འབར་མའི་རྒྱལ་ཡོངས་འོས་བསྡུ་སོགས་ཀྱི་གནད་དོན་ཐད་བཀའ་མོལ་གནང་རྒྱུ་ཡིན་པ་རེད་ དེ་ནི་འདས་པའི་མི་ལོ་བཅུའི་ནང་ རྒྱ་ནག་གི་དབུ་ཁྲིད་མཐོ་ཤོས་ཤིག་གིས་ཁྱིམ་མཚེས་རྒྱལ་ཁབ་དེའི་ནང་གཟིགས་བསྐོར་གནང་བ་ཐེངས་དེང་པོ་ཡིན་པ་རེད་ རྡོ་སྣུམ་དང་ སོལ་རླངས་སོགས་རང་འབྱུང་གཏེར་གྱིས་ཕྱུག་ཀྱང་འཛམ་གླིང་གི་ཆབ་སྲིད་གར་སྟེགས་ཐོག་གྲོགས་མེད་ཁེར་རྐྱང་ལྟ་བུར་གནས་པའི་འབར་མའི་དྲག་པོའི་གཞུང་གིས་རྒྱ་ནག་གཞུང་ནས་དཔལ་འབྱོར་གྱི་རོགས་རམ་དང་གོ་ལག་མཚོན་ཆའི་རིགས་མཁོ་སྒྲུབ་བྱ་རྒྱུར་དམིགས་ཏེ་རྒྱ་ནག་གི་སྲིད་བློན་མཆོག་ལ་ཕེབས་བསུ་ཤིན་ཏུ་ཟབ་རྒྱས་ཞུ་བཞིན་པ་རེད་

འབར་མའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་པ་ཡེ་ད་རྦོ་ཡིས་པེ་ཅིང་གི་ཞིབ་འཇུག་ཞེས་པའི་དུས་དེབ་ནང་བྲིས་པའི་རྩོམ་བྲིས་ཀྱི་ནང་དོན་ལྟར་ན་ རྒྱ་ནག་གི་སྲིད་བློན་མཆོག་གི་གཟིགས་བསྐོར་དེའི་བརྒྱུད་རྒྱལ་ཁབ་དེ་གཉིས་དབར་ཆབ་སྲིད་ཀྱི་ཡིད་ཆེས་ནུས་ཤུགས་ཆེ་རུ་འགྲོ་བ་དང་དཔལ་འབྱོར་དང་ ཚོང་འབྲེལ་རྒྱ་བསྐྱེད་འགྲོ་བས་མ་ཟད་ རྒྱལ་ཁབ་དེ་གཉིས་དབར་གྱི་སྲོལ་རྒྱུན་གྱི་གྲོགས་པོའི་འབྲེལ་བ་དེ་གཏིང་ཟབ་ཏུ་འགྲོ་རྒྱུ་ཡིན་པ་རེད་ ཡིན་ནའང་ གནད་དོན་ཞིབ་འའཇུག་མཁན་ཚོས་བརྗོད་དོན་ལྟར་ན་ རྒྱ་ནག་དང་འབར་མའི་དབར་གྱི་འབྲེལ་བ་དེ་ནི་ཕྱོགས་ཕན་ཚུན་གྱི་ཆབ་སྲིད་ཀྱི་དགོས་དབང་གཞིར་བཟུང་གི་སྟབས་བདེའི་ཆང་ས་འདྲ་བ་ཞིག་ཡིན་པ་རེད་ དེ་ལྟར་ཡིན་སྟངས་ཇི་འདྲ་ཡིན་ནམ་ཞེ་ན་ འབར་མའི་དྲག་པོའི་དམག་སྤྱི་ཚོས་སྟོབས་ཤུགས་ཆེ་བའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱ་ནག་ཕྱོགས་སུ་ དོགས་ཟོན་ཆེར་བསྐྱེད་བྱེད་ཀྱི་ཡོད་པ་དང་ རྒྱ་ནག་གི་ངོས་ནས་ཀྱང་རང་ཉིད་དྲང་བདེན་ལ་བརྩི་བཀུར་མི་བྱེད་མཁན་གྱི་འབར་མའི་དྲག་པོའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པར་འཛམ་གླིང་ཡོངས་ཀྱིས་བལྟ་ཕྱོགས་འཛིན་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎