ཤིན་ཅང་དུ་ཆོས་ལུགས་ཀྱི་གོམས་སྲོལ་མེད་པ་བཟོ་ཐབས།
2011.12.15
༄༅༎རྒྱ་ནག་གིས་བཙན་བཟུང་བྱས་པའི་ཤར་ཏུར་ཀིས་ཐན་འམ་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཡི་ནིང་གྲོང་ཁྱེར་སྲིད་གཞུང་གིས་ ས་གནས་ཡུ་གུར་མི་མང་ མང་ཚོགས་ཀྱི་ཆོས་ལུགས་ཀྱི་གོམས་སྲོལ་་མེད་པ་བཟོ་ཐབས་སུ་དམིགས་ཏེ་ བེུད་ཚོས་མགོ་དང་གདོང་ལ་རས་ཁེབས་པ་དང་སྐྱེས་པ་ཚོས་ཁ་ལ་རྒྱ་བཞག་པ་སོགས་བྱེད་མི་ཆོག་པའི་བཀོད་ཁྱབ་ཅིག་བཏང་ཡོད་འདུག་
དཔེར་ན་ཡི་ནིང་ཁུལ་གྱི་ཌན་མེ་ལི་ཞེས་པའི་རྫོང་གི་སྲིད་གཞུང་གི་གསལ་བསྒྲགས་ནང་ ཏང་གི་ལམ་སྟོན་བཞིན་ཆོས་ལུགས་ཀྱི་ཞེན་ཆགས་ཆུང་དུ་གཏོང་ཐབས་དང་ དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་སུ་ སྒྲིག་གཞི་དེ་དག་ལག་བསྟར་བྱ་རྒྱུར་ཐག་ཆོད་བྱས་པ་ཡིན་སྐོར་བཀོད་ཡོད་པ་རེད་
མི་འབོར་འབུམ་ལྔ་ལྷག་ཙམ་ཡོད་པའི་ཡི་ནིང་འམ་ མིང་གཞན་དུ་ཡི་ལི་དང་ གུཧུ་ཇ་ཡང་བརྗོད་པའི་མངའ་ཁུལ་དེའི་ནང་ མང་ཚོགས་བརྒྱ་ཆ་༤༦་ ཡུ་གུར་ཁ་མཆེ་ཡིན་པ་དང་ མངའ་ཁུལ་འདི་ནི་ ༩༧ལོར་ ཡུ་གུར་མང་ཚོགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཡུལ་གཙོ་བོ་ཡིན་པར་ རྒྱ་ནག་གཞུང་གི་སྒྲིག་གཞི་གསར་པ་འདི་ཡུ་གུར་མང་ཚོགས་ཀྱི་ཆོས་ལུགས་ཀྱི་ལྟ་བ་ཉམ་ཉེས་གཏོང་ཐབས་ཀྱི་སྲིད་བྱུས་གསར་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་