ཨ་ཎི་འཆི་མེད་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་གསུམ་འགྲོ་བ།

ཁམས་དཀར་མཛེས་ཁུལ་གྱི་ལམ་བྲག་དགོན་པའི་ཨ་ཎི་འཆི་མེད་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་བ་གསུམ་ལྷག་འགྲོ་གི་ཡོད་པ་རེད།

2011.09.22

༄༅།།ཁམས་དཀར་མཛེས་ཁུལ་གྱི་ལམ་བྲག་དགོན་པའི་ཨ་ཎི་འཆི་མེད་ལགས་ཞུ་བའི་སྨན་པ་ཞིག་ཕྱི་ཟླ་༦ནང་ཆབ་སྲིད་ཀྱི་དོག་གཞིའི་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ དར་རྩེ་མདོའི་བཙོན་ཁང་ནང་བཀག་ཉར་བྱས་ནས་བཞག་ཡོད་པ་ཤེས་རྟོགས་བྱུང་ཀྱང་ རྒྱ་ནག་གཞུང་གིས་ཨ་ཎི་འཆི་མེད་ལགས་སུ་ད་ལྟའང་ནག་ཉེས་གཅིག་ཀྱང་བཙུག་རྒྱུ་རག་མེད་པའི་གནས་ཚུལ་འདུག། དེའི་སྐོར་བོད་ནས་མིང་འདོན་གནང་འདོད་མེད་པ་ཞིག་གིས་ འདི་གའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་ངོ་སྤྲོད་འདི་ལྟར་གནང་བཞག།
ཁོང་གིས་ད་ལོ་ཕྱི་ཟླ་༦ཚེས་༢༦ཀྱི་ཉིན་མོ་ དཀར་མཛེས་རྫོང་གི་སྤྱི་བདེ་མི་སྣས་བློ་བུར་ཐོག་རྒྱག་དཀར་མཛེས་ལམ་བྲག་ཨ་ཎི་དགོན་པའི་ཨ་ཎི་འཆི་མེད་ལགས་ཞུ་བའི་སྨན་པ་ཞིག་དང་ སྤྱི་དགའ་ཞུ་བའི་སྨན་སྤྲོད་མཁན་ཞིག་བཅས་ཁོང་གཉིས་འཛིན་བཟུང་བྱས་ཡོད་ཀྱང་ དེའི་ཕྱི་དྲོ་སྤྱི་དགའ་གློད་འགྲོལ་དུ་བཏང་བཞག་ འོན་ཀྱང་ཨ་ཎི་འཆི་མེད་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་བ་གསུམ་ལྷག་འགྲོ་གི་ཡོད་པ་རེད། འོན་ཀྱང་ཉེ་ཆར་བཙོན་པ་ཞིག་བརྒྱུད་ཤེས་རྟོག་བྱུང་བར་གཞིགས་ན་ ཨ་ཎི་འཆི་མེད་ལགས་དར་རྩེ་མདོའི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་པ་དང་ ཁོང་ལ་ད་བར་ནག་ཉེས་གཅིག་ཀྱང་བཙུག་རྒྱུ་རག་མེད་ཀྱང་ རྒྱ་གཞུང་གིས་ཁོང་ལ་ནང་མི་དང་ སྤུན་མཆེད་སོགས་སུ་ཞིག་ལའང་ཐུག་འཕྲད་བྱེད་དུ་བཅུག་གི་མེད་པ་མ་ཟད་ ཁོང་ག་པ་ཡོད་མེད་སྐོར་ནང་མི་ལ་རྩ་བ་ཉིད་ནས་ལན་སྤྲད་མེད་ལུགས་བཙོན་པ་དེས་གསུང་བཞག། ཨ་ཎི་འཆི་མེད་ལགས་ཀྱིས་ནག་ཉེས་གཅིག་ཀྱང་བྱས་མེད་ཀྱང་ རྒྱ་གཞུང་གིས་ཁོང་ལ་ནག་ཉེས་ཀྱི་ཞ་མོ་གཡོག་ནས་ཉེས་པ་བཏང་སྲིད་པའི་སེམས་ཚབས་བོད་མི་མང་པོ་ཞིག་གིས་བྱེད་ཀྱི་ཡོད་འདུག་། གང་ལགས་ཞེས་ན་ ཨ་ཎི་འཆི་མེད་ལགས་ཁོང་ནི་དཀར་མཛེས་རྫོང་དང་ བོད་མི་མང་པོར་ཕན་ཐོགས་ཆེན་པོ་གནང་མཁན་གྱི་སྨན་པ་ཞིག་ཡིན་པ་རེད། ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎