ཇར་མི་ནིའི་གཙོ་འཛིན་མཆོག་ཨ་རིར་གཞུང་འབྲེལ་འཚམས་གཟིཌ
2011.06.06
༄༅༎ལྕམ་ཨེན་གེ་ལ་མར་ཀེལ་(Angela Merkel)མཆོག་ལོ་དྲུག་གོང་ ཇར་མ་ནིའི་གཙོ་འཛིན་དུ་འོས་འདེམས་བྱུང་བའི་རྗེས་ད་བར་ཨ་རིའི་ནང་སྲིད་འཛིན་མཇལ་འཕྲད་དང་རྒྱལ་སྤྱིའི་ཆེས་མཐོའི་ལྷན་ཚོགས་ནང་མཉམ་ཞུགས་གནང་བར་ལན་མང་ཕེབས་མྱོང་ཡོད་ནའང༌། ཁོང་ད་རེས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་གཞུང་འབྲེལ་གཟིགས་སྐོར་གནང་བར་ཕེབས་པ་ཐོག་མ་དེ་ཡིན་སྟབས་དེ་རིང་ཁོང་ལ་སྲིད་འཛིན་ཕོ་བྲང་དཀར་པོའི་མདུན་ཐང་དུ་སྣེ་ལེན་གུས་བསུ་དམིགས་བསལ་ཅན་ཞིག་ཞུ་རྒྱུ་ཡིན་པ་རེད།
དེ་རིང་ཉིན་མོ་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ལྷོ་ཕྱོགས་སྤང་གཤོང་སྟེང༌། ལྕམ་ཨེང་གེ་ལ་མར་ཀེལ་མཆོག་ལ་ གུས་བསུའི་ཆེད་མཁའ་དབྱིངས་སུ་མེ་མདའ་༡༩རྒྱབ་ནས་སྣེ་ལེན་ཟབ་རྒྱས་ཞུས་གནང་རྒྱུ་དང༌། སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཡིད་ཆེས་འཕེར་བའི་མཛའ་འབྲེལ་རྒྱལ་ཁབ་ཇར་མ་ནིའི་དབུ་འཁྲིད་ལ་སྣེ་ལེན་རྒྱ་ཆེ་ཞིག་ཞུས་གནང་རྒྱུ་ཡིན་པ་རེད།