གར་སོང་ཆ་མེད་དུ་གྱུར་བའི་རྒྱ་རིགས་ཁྲིམས་རྩོད་པ་ཞིག་སྐོར།

རྒྱ་རིགས་ཀའོ་ཁྲི་ཧྲེང་གི་བཟའ་ཟླས་ཁོང་གར་ཡོད་དང་ཁོང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་རྩད་གཅོད་ཀྱི་འཐབ་རྩོད་གནང་གི་ཡོད་པ།

2010.02.18

༄༅༎རྒྱ་རིགས་རང་དབང་འཐབ་རྩོད་གནང་མཁན་ཁྲིམས་རྩོད་པ་ཀའོ་ཁྲི་ཧྲང་ལོ་གཅིག་ཙམ་སྔོན་རྒྱ་ནག་གཞུང་གིས་དོ་དམ་འཛིན་བཟུང་བྱས་པ་ནས་བཟུང་གར་སོང་ཆ་མེད་ལྟ་བུར་གྱུར་ཡོད་པ་དང་ ཁོང་གི་བཟའ་ཟླས་ཁོང་གར་ཡོད་དང་ཁོང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་རྩད་གཅོད་ཀྱི་འཐབ་རྩོད་གནང་གི་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གསུངས་འདུག་༎

རྒྱ་རིགས་ཁྲིམས་རྩོད་པ་ཀའོ་ཁྲི་ཧྲེང་གིས་རྒྱ་ནག་ནང་ཕ་ལུང་ཀུང་རྩ་རླུང་སྒོམ་གྲུབ་ཉམས་ལེན་པའི་གནས་སྟངས་སྐོར་རྒྱ་ནག་གཞུང་ལ་གྱོད་གཞི་ཁྲིམས་གཏུགས་བྱས་པའི་གནད་དོན་དང་ དེ་བཞིན་རྒྱ་ནག་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བཅོས་བསྒྱུར་ཡོང་ཐབས་སོགས་ཀྱི་ལས་འགུལ་སྤེལ་བར་བརྟེན་ནས་ལོ་གཅིག་ཙམ་སྔོན་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་ཏེ་ད་ཕན་གར་སོང་ཆ་མེད་ལྟ་བུར་གྱུར་ཡོད་པ་རེད་  རྒྱ་རིགས་ཁྲིམས་རྩོད་པ་ཀའོ་ཧྲེང་དོ་དམ་འཛིན་བཟུང་འོག་ཉེས་རྡུང་དང་མནར་གཅོད་ཕོག་པའི་གནས་ཚུལ་དང་ལྷག་པར་དུ་དུས་ཡུན་རིང་པོ་སོང་ནའང་ད་ལྟ་ཕན་ཁོང་གར་ཡོད་ཀྱི་གནས་ཚུལ་ཁ་གསལ་མེད་པའི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་གནས་ཚུལ་ཡོངས་གྲགས་སུ་གྱུར་ཡོད་པ་དང་རྒྱ་ནག་གཞུང་ལ་འདྲི་རྩད་ཀྱི་གནད་དོན་རྙོག་གླེང་ཞིག་ཏུ་གྱུར་ཡོད་པ་རེད་ བདུན་ཕྲག་སྔོན་པ་ཨ་རིའི་སེན་ཕེ་རེན་སི་སི་ཀོ་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་ཏུའེ་ཧུཨ་ཐེབས་རྩ་ཚོགས་པ་ཞེས་པ་ནས་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོས་བརྗོད་པའི་གནས་ཚུལ་ལུངས་འདྲེན་བྱས་ཏེ་རྒྱ་རིགས་ཁྲིམས་རྩོད་པ་ཀའོ་ཧྲེང་ཞུ་བ་ཁོང་ཡུ་གུར་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ལས་ཞུགས་གནང་གི་ཡོད་པ་མ་ཟད་ ཁོང་གི་བཟའ་ཟླ་དང་གཞན་སྤུན་གཉེན་ཚན་ཚོ་དང་འབྲེལ་བ་ཡོད་མུས་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད་ ཡིན་ཡང་ རེས་གཟའ་ཕུར་བུའི་ཉིན་ཀའོ་ཧྲེང་གི་བཟའ་ཟླ་ཀེང་ཧེ་རྒྱ་ནག་གཞུང་གི་བརྗོད་པའི་གནས་ཚུལ་དེ་དངོས་བདེན་མིན་པ་དང་ ཁོང་གི་བཟའ་ཟླ་གར་ཡོད་དང་གནས་སྟངས་ཇི་འདྲ་ཞིག་ནང་ལུས་མིན་སོགས་ཀྱི་སྐོར་གནས་ཚུལ་ཤེས་རྟོགས་ཅི་ནས་མེད་སྐོར་རྒྱ་ནག་གི་འཁྱོག་བཤད་ཀྱི་གསལ་བསྒྲགས་ལ་ལན་འདེབས་སྤྱིར་སྒྲགས་སྤེལ་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎