བོད་ཡིག་དང་རྒྱལ་སྤྱི།


2013.02.26
ཉིན་དང་པོའི་ཟབ་སྦྱོང་སྐབས་ཀྱི་འཆར་སྣང་ཁག་ཅིག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །དེ་རིང་ཕྱི་ཚེས་༢༦ རེས་གཟའ་མིག་དམར་ཉིན་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཡིག་གི་དེབ་རིགས་རྒྱལ་སྤྱིའི་དེབ་གཟུགས་ཀྱི་ཚད་ལོངས་ཐབས་དང་བྱུས་འགོད་བྱེད་སྟངས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་རེད། ཟབ་སྦྱོང་དེ་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་གོ་སྒྲིག་གནང་བ་དང༌། གཟའ་འཁོར་གཅིག་རིང་གནང་གི་ཡོད་ཅིང༌། དེ་རིང་སྔ་དྲོ་ཟབ་སྦྱོང་དབུ་འཛུགས་གནང་བའི་ཐོག་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་་ལགས་གདན་ཞུ་གནང་བའི་ཐོག་བཙན་བྱོལ་ནང་དུ་དེབ་རིགས་ཇུས་འགོད་དང་རྩོམ་སྒྲིག་སྡེ་ཚན་ཁག་ནང་ཕྱག་ལས་གནང་མཁན་ཚོགས་ཞུགས་བ་མི་གྲངས་༨༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་ཟབ་སྦྱོང་དབུ་འཛུགས་ཀྱི་ཐོག་མར་གཏམ་བཤད་གནང་བར། བོད་ཡིག་དེང་དུས་ཀྱི་བརྡ་འཕྲིན་ནང་བེད་སྤྱོད་བྱས་ཏེ་བོད་ཀྱི་སྐད་ཡིག་གི་ཁོར་ཡུག་རྒྱ་ཆེ་རུ་གཏང་དགོས་པའི་སྐོར་གསུངས་ཤིང༌། དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། བོད་ཀྱི་དེབ་རིགས་རྒྱལ་སྤྱིའི་དེབ་གཟུགས་དང་མཐུན་པ་བཟོ་སྐབས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་རིན་ཐང་མཚོན་ཐུབ་པ་དང་སྤུས་ཚད་ལྡན་པ་ཞིག་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎