རྒྱ་ནག་ནང་མ་རྩ་འཛུཌ་འཇོག་མཁན་ཉུང་དུ་ཕྱིན་པ།

འཛམ་གླིང་དངུལ་ཁང་ཆེན་མོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམའ་རུ་བཏང་འདུག

2012.10.08

༄༅༎རྒྱ་ནག་ནང་མ་རྩ་འཛུགས་འཇོག་བྱེད་མཁན་ཉུང་དུ་ཕྱིན་པ་དང་ ཕྱི་ཚོང་ཉུང་དུ་ཕྱིན་པ་  སོགས་ལ་བརྟེན་ འཛམ་གླིང་དངུལ་ཁང་ཆེན་མོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་དམའ་རུ་འགྲོ་རྒྱུའི་སྔོན་དཔག་གནང་གི་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཕྱི་ཟླ་ལྔ་པའི་ནང་ འཛམ་གླིང་དངུལ་ཁང་ཆེན་མོས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་༨དང་གྲངས་ཆུང་༢ཙམ་ཡོང་བའི་ཚོད་དཔག་གནང་ཡོད་ཀྱང་།  འདི་ལོའི་ལོ་མཇུག་བར་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༧དང་གྲངས་ཆུང་༧ཙམ་ལས་ཡོང་རྒྱུ་མིན་ལུགས་གསུང་འདུག  དེ་བཞིན་རྒྱ་ནག་ནས་ནང་འདྲེན་ཤུགས་ཆེ་ཤོས་བྱ་མཁན་ཨ་མེ་རི་ཀ་དང་། ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་བཞིན་པ་དེས་རྒྱ་ནག་གི་ཕྱི་ཚོང་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད།  རྒྱ་ནག་གཞུང་གིས་ཕྱི་ཚོང་མྱུང་དུ་ཕྱིན་པའི་གྱོང་གུན་་གསབ་ཆེད་ རྒྱ་ནག་མི་མང་གིས་ཉོ་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་སུ་འབད་བརྩོན་གནང་བཞིན་ཡིན་པ་རེད། འདི་ལོ་ཙམ་མ་ཡིན་པར་ ད་དུང་མ་འོངས་པར་ཡང་ རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆུང་དུ་འགྲོ་བའི་སེམས་འཚབ་མང་པོ་ཞིག་གནང་གི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎