བོད་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་འཛིན་བཟུང༌།

རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་གསང་བའི་ཐོག་ནས་འཛིན་བཟུང་བཙན་འཁྲིད་བྱས་འདུག

2012.02.19

༄༅༎རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་གསང་བའི་ཐོག་ནས་འཛིན་བཟུང་བཙན་འཁྲིད་བྱས་འདུག ཕ་ཡུལ་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གེ་འཕེན་སྡེ་བ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི།    ཕྱི་ཟླ་༢་ཚེས་༡༥་ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་༡༡་ཐོག་གསེར་རྟ་རྫོང་གི་རང་ཁྱིམ་ནས་རྒྱ་ནག་གཞུང་གི་མི་སྣས་བཙན་ཁྲིད་བྱས་འདུག ཡང་ཁོང་བཙན་ཁྲིད་བྱེད་མཁན་ནི་དཀར་མཛེས་ཁུལ་གྱི་ཉེནརྟོག་མི་སྣ་དང་། གསང་བའི་མི་སྣ། དེ་བཞིན་གསེར་རྟ་རྫོང་གི་ཉེན་རྟོག་མི་སྣ་དང་། གསང་བའི་མི་སྣ་སོགས་ཁྱོན་མི་གྲངས་༢༠་ཙམ་ཡོད་པ་དང་། དེའི་ཁོངས་སུ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་དང་། གསང་བའི་ལས་ཁུངས་ཀྱི་མགོ་གཙོ་བཅས་ཡོད་པར་མ་ཟད། གསེར་རྟ་རྫོང་གྲོང་གི་ཆ་ཚང་སློབ་གྲྭ་ཞེས་པའི་སློབ་ཆུང་ཞིག་ཡོད་པ་དེའི་མགོ་གཙོ་ཆོས་དར་ཟེར་བ་དེ་ཡང་དེའི་ཁོངས་སུ་སླེབས་ཡོད་འདུག
ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་རང་ལོ་༣༢་ཡིན་ཞིང།     སྨྱུག་མིང་ལ་གངས་མེ་སྟག་ཞེས་འབོད་ཀྱི་ཡོད་པ་རེད།  ཁོང་གི་ཕ་མིང་ལ་ཐུབ་ཉི་དང་། མ་མིང་ལ་དབང་ལོ།     བཟའ་ཟླའི་མིང་ལ་དབང་ཕྱུག་ལྷ་མོ་བཅས་ཟེར་ཞིང་། ཁོང་ལ་བུ་ཕྲུག་གཉིས་ཡོད་པའི་ཆེ་བ་བུ་མོ་ལོ་༨་ཅན་ཞིག་དང་། ཆུང་བ་དེ་བུ་ལོ་༥་ཅན་ཞིག་བཅས་ཡོད་པ་རེད།་ ཁོང་ཆུང་ངུའི་སྐབས་སློབ་ཆུང་དང་། དེ་རྗེས་གསེར་རྟ་རྫོང་མི་རིགས་སློབ་འབྲིང་དང་། དེ་རྗེས་དཀར་མཛེས་ཁུལ་གྱི་དགེ་འོས་སློབ་གྲྭ་སོགས་ཐོན་རྗེས་གསེར་རྟ་ས་ཆའི་གདར་ཚང་དང་། ཧོར་ཤུལ་སོགས་ལ་དགེ་རྒན་གནང་བ་དང་། དེང་སྐབས་ཀྱང་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གནང་བཞིན་པས་མཚོན་ད་བར་ལོ་ངོ་ཧྲིལ་པོ་༡༠་ཙམ་ལ་དགེ་རྒན་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎