ངོ་གདོང་གཉིས་ཅན་ཚོ་གཙང་མ་བཟོ་དགོས་བའི་དཔྱད་རྩོམ།


2017.04.10
ཞིན་ཅང་ཁ་ཞི་སྒར་Kashgar་གྲོང་ཁྱེར་ནང་། ༢༠༡༧།༢།༡༧ ཞིན་ཅང་ཁ་ཞི་སྒར་Kashgar་གྲོང་ཁྱེར་ནང་། ༢༠༡༧།༢།༡༧
Imaginechina

ཁ་བྲལ་ལ་རྒོལ་རྡུང་སྐབས་ཡུ་གུར་ངོ་གདོང་གཉིས་ཅན་ཚོ་གཙང་མ་བཟོ་དགོས་ཚུལ་ཁ་ཞི་སྒར་གྲོང་ཁྱེར་གྱི་མཐོ་རིམ་མི་སྣ་ཞིག་གིས་དཔྱད་རྩོམ་སྤེལ་འདུག
ཁ་བྲལ་ལ་རྒོལ་རྡུང་བྱེད་སྐབས་ཡུ་གུར་མི་རིགས་ཁྲོད་ངོ་གདོང་གཉིས་ཅན་གྱི་ཡུ་གུར་མི་རིགས་ཀྱི་གཞུང་གི་ལས་བྱེད་ཚོས་མཁྱེན་རྟོགས་ཡོང་བ་བྱ་དགོས་ཞེས་གཞུང་གི་མི་སྣས་བརྗོད་ཡོད་པ་རེད་འདུག་
དེ་ཡང་རོཡེཀྲར་གསར་ལས་ཁང་གིས་ཕྱི་ཚེས་༡༠་ཉིན་པེ་ཅིན་ནས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། ཁ་ཞི་སྒར་Kashgar་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་ལས་བྱེད་མཐོ་གྲས་Yasin Sidik་ཡིས་ཤིན་ཅང་ཉིན་རེའི་གསར་ཤོག་ཐོག་དཔྱད་ནརྗོད་སྤེལ་བའི་ནང་། གཞུང་གི་ལས་བྱེད་ཁྲོད་ཀྱི་ཡུ་གུར་བ་ཚོས་བློ་སྟོབས་ཆེན་པོའི་ངང་ཁ་བྲལ་རྒོལ་རྡུང་གི་མདུན་དུ་ཕྱོགས་ནས། ཡུ་གུར་མི་རིགས་ཁྲོད་ངོ་གདོང་གཉིས་ཅན་ཡོད་པ་དབྱེ་བ་ཕྱེ་ནས་མི་དམངས་ཀྱི་དཀྱིལ་ནས་གཙང་སེལ་བཟོ་དགོས་པ་དང་། ང་ཚོས་དམར་ཤོག་ཚོགས་པ་བཀའ་དྲིན་ཆེན་པོ་ཡིན་པ་དྲན་དགོས་ཀྱི་རེད་ལ། གལ་ཏེ་དམར་ཤོག་ཚོགས་པའི་ལོ་རྒྱུས་བརྗེད་པ་ཡིན་ན་དམར་ཤོག་ཚོགས་པར་རྒྱབ་གཏོད་བྱས་པ་དང་གཉིས་སུ་མ་མཆིས་ཞེས་ཡུ་གུར་མི་རིགས་ཀྱི་ལས་བྱེད་ཚོར་ཉེན་བརྡའི་ཚུལ་དུ་བརྗོད་ཡོད་པ་རེད།
སྐུ་ཞབས་Sidik་ཡི་ཉེན་བརྡ་འདི་བཞིན་འདས་པའི་བདུན་ཕྲག་བཞིའི་ནང་ཚུད་ཡུ་གུར་མི་རིགས་ཀྱི་ལས་བྱེད་ཅིག་གིས་བཏང་པའི་ཉེན་བརྡ་ཐེངས་བཞི་བ་དེ་ཡིན་པ་རེད། ཡིན་ནའང་བདུན་ཕྲག་སྔོན་མའི་ནང་ཡུ་གུར་མི་རིགས་ཀྱི་ལས་བྱེད་མཐོ་གྲས་གཞན་ཞིག་གིས་ཡུ་གུར་མི་རིགས་ལས་བྱེད་པ་ཚོས་ཁ་བྲལ་ལ་རྒོལ་རྡུང་གི་ལས་འགུལ་ཁྲོད་དེ་ཙམ་གྱིས་དྭངས་དུ་ལེན་གྱི་མི་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
ཁ་ཞི་སྒར་ནི་དར་གོས་ཚོང་ལམ་དུ་གྲགས་ཡོད་པ་བཞིན་རྒྱ་ནག་གི་ཉེ་འཁོར་ཡུལ་གྲུ་ཁག་ཏུ། དཔལ་འབྱོར་དང་ཚོང་དོན་རྒྱ་བསྐྱེད་གཏོང་རྒྱུའི་ལས་གཞིའི་རྣམ་གྲངས་ཁྲོད་ཁ་ཞི་སྒར་གྲོང་ཁྱེར་འདི་བཞིན་སྲིད་འཛིན་ཞི་ཅིན་ཕིང་གི་ཕྱི་འབྲེལ་དང་དཔལ་འབྱོར་སྲིད་ཇུས་ཀྱི་གལ་གནད་རང་བཞིན་དུ་བརྩིས་ནས། རྒྱ་ནག་དང་དབུས་ཨེ་ཤེ་ཡ། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་དག་གི་དབར་ཚོང་འབྲེལ་དར་སྤེལ་ཡོང་བ་ལ་དམིགས་པའི་ལས་དོན་གལ་ཆེན་ཞིག་ཆགས་ཡོད་ཀྱང་གྲོང་ཁྱེར་འདི་དང་འདིའི་ཉེ་འཁོར་མཐའ་དག་ཞིན་ཅང་ནང་ཆེས་བདེ་འཇགས་མིན་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པའི་རྒྱུ་མཚན་གྱིས་གཞུང་ཕྱོགས་ནས་དུས་རྒྱུན་འཇིགས་སྐུལ་དྲག་སྤྱོད་ཅེས་པའི་མིང་ཐོག་ནས་རྒོལ་རྡུང་ཚ་ནན་གྱི་ལས་དོིན་སྤེལ་བཞིན་པ་རེད།།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎