ཡུ་གུར་མི་རིགས་ཐོག་གི་ཁྲིམས་བཅད་ནི་དྲང་བདེན་ཞིག་མ་ཡིན།

རྒྱ་ནག་གཞུང་གིས་ཉེ་ཆར་ཡུ་གུར་མི་རིགས་ཉི་ཤུ་རྩ་གཅིག་ལ་ཉེས་ཆད་ཐག་གཅོད་བྱས་པ་དེ་དྲང་བདེན་ཞིག་མ་ཡིན་པའི་སྐྱོན་བརྗོད།

2009.10.16

༄༅༎རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་བྱུང་བའི་ངོ་རྒོལ་ལས་འགུལ་ནང་མཉམ་ཤུགས་བྱས་པའི་ཉེས་འཛུགས་ཀྱིས་ཉེ་ཆར་ཡུ་གུར་མི་རིགས་ཉི་ཤུ་རྩ་གཅིག་ལ་ཉེས་ཆད་ཐག་གཅོད་བྱས་པ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་ཁོང་ཚོར་རྒྱ་ནག་གཞུང་གིས་དྲང་བདེན་ཐག་གཅོད་བྱས་མེད་པའི་སྐྱོན་བརྗོད་བྱས་ཡོད་པའི་སྐོར་ལ་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རེས་གཟའ་ཕུར་བུའི་ཉིན་འདི་ག་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་གསུངས་པར་ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་རེས་གཟའ་ཟླ་བའི་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཡུ་གུར་མི་རིགས་ཚོས་ཁོང་ཚོའི་ཐོག་རྒྱ་ནག་གཞུང་ནས་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཐེ་ཇུས་ཡོད་པའི་ཉེས་འཛུགས་ཀྱིས་ཡུ་གུར་མི་དྲུག་ལ་སྲོག་ཐོག་གི་ཉེས་ཆད་བཏང་བ་དང་མི་གཅིག་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་མ་ཟད་ད་དུང་ཕྱི་ཚེས་བཅུ་བཞི་རེས་གཟའ་ལྷག་པའི་ཉིན་སླར་ཡང་ཡུ་གུར་མི་དྲུག་ལ་སྲོག་ཐོག་གི་ཉེས་ཆད་དང་མི་གསུམ་ལ་ལོ་གཉིས་ཀྱི་དུས་འགྱངས་ནང་སྲོག་ཐོག་གི་ཉེས་ཆད། དེ་འཕྲོས་ཀྱི་མི་ལྔ་ལ་མི་ལོ་བཅུ་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་དེ་དག་ལ་ཁྲིམས་བཤེར་གྱི་ནག་ཉེས་ཐག་གཅོད་མ་བྱས་གོང་ལ་སྤྱི་ཚོགས་ཐོག་གསལ་བསྒྲགས་གང་ཡང་བྱས་མེད་པ་མ་ཟད་མི་དེ་རྣམས་ལ་ཉེས་ཆད་ཐག་གཅོད་བྱས་པ་དེ་ཡང་མི་བདུན་ལ་རེས་གཟའ་ཟླ་བའི་ཉིན་ཐག་གཅོད་བྱས་ཏེ་ཉིན་མ་གཅིག་མ་ཕྱིན་གོང་དེར་སླར་ཡང་མི་བཅུ་བཞི་ལ་ཉེས་ཆད་ཐག་གཅོད་བྱས་ཏེ་དུས་ཚོད་ཐུང་ངུ་ཞིག་ནང་ཁྱོན་ཡུ་གུར་མི་རིགས་ཉི་ཤུ་རྩ་གཅིག་ལ་ནག་ཉེས་ཁྲིམས་ཐག་བཅད་པ་དེ་ནི་ཁོང་ཚོར་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་ལྟར་གྱི་ཁྲིམས་བཤེར་གྱི་ལས་དོན་དྲང་བདེན་བྱུང་མེད་པ་རེད་ཅེས་དང་ཁོང་ཚོར་ནག་ཉེས་ཐག་གཅོད་གང་འདྲ་བྱས་ཡོད་མེད་ཐོག་ལ་གནས་ཚུལ་རྩ་བ་ནས་ཕྱི་གསལ་ནང་གསལ་བྱུང་མེད་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎