གསར་འགྱུར་ཡིག་ཚགས།
2012-09-19
ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་བོད་མི་ལྔ་བརྒྱ་ལྷག་གིས་བོད་དོན་ཆེད་རྔམ་སྟོན་སྐད་འབོད་བྱས་འདུག
2012-09-19
བོད་ཀྱི་གདན་ས་དགའ་ལྡན་དགོན་པའི་དགེ་འདུན་པ་བསོད་ནམས་རྡོ་རྗེ་ཞེས་བ་ཉེ་ཆར་ལྷ་སར་སྨན་བཅོས་ཆེད་ཕེབས་སྐབས་གློ་བུར་མེ་མདའ་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག
2012-09-19
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༢༡པའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་བོད་ཀྱི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་བཤད་འདུག
2012-09-19
རྒྱ་ནག་དང་ཉི་ཧོང་བར་རྩོད་གཞིའི་རྒྱུ་རྐྱེན་གཙོ་བོ་ཆགས་བཞིན་པའི་མི་མེད་གླིང་ཕྲན་དེ་ཕན་ཐོགས་མེད་པའི་བྲག་རྡོའི་ཕུང་གསོག་ཅིག་དང་ཡང་ན་རྡོ་སྣུམ་གྱིས་ཕྱུག་པའི་གཏེར་མཛོད་ཅིག་ཡིན་སྲིད་པ་རེད།
2012-09-19
མ་འོངས་མི་རིང་བར་རྒྱ་ནག་གི་སྲིད་འཛིན་གྱི་ལས་འགན་ལེན་རྒྱུར་སྒུག་སྡོད་བྱེད་བཞིན་པའི་ཞི་ཅིན་ཕུན་ལ་རྒྱ་ནག་ནང་ཁུལ་གྱི་འགོ་ཁྲིད་ཚོའི་གནོན་ཤུགས་འདྲ་མིན་ཡོད་ངེས་བ་རེད་འདུག
2012-09-18
རྒྱ་གར་གྱི་ཨུཏ་ཏར་ཁཎྜ་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༥༠འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་ཡོད་པ་རེད།
2012-09-18
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཇིང་ཕིང་ཕྱི་ཕྱོགས་སུ་མ་ཐོན་པར་གར་སོང་ཆ་མེད་དུ་འགྱུར་བ་དེ་གཟུགས་གཞི་བདེ་པོ་མེད་པའི་རྐྱེན་གྱིས་ཡིན་སྐོར་གསུངས་མཁན་མང་པོ་ཡོད་པ་རེད།
2012-09-18
ལྕམ་ཨང་སེན་སོའུ་ཅེ་མཆོག་ཨ་མི་རི་ཀར་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་གཟིགས་ལ་འབྱོར་ཡོད་པ་དང་། དེ་རིང་ཨེ་ཤ་ཡ་རླུང་འཕྲིན་ཁང་ལ་ཕེབས་ནས་གསུངས་བཤད་གནང་ཡོད།
2012-09-18
རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ནུས་ཤུགས་ཇེ་ཆེར་གཏོང་དགོས་བ་འདུག་ཞེས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པས་རྡ་རམ་ས་ལར་གསུངས་ཡོད་འདུག
2012-09-18
སྔ་ལོར་བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་མཁན་ཟླ་བ་ཚེ་རིང་གི་ནང་མིར་ཟླ་བ་ཚེ་རིང་སྨན་བཅོས་འགྲོ་སོང་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
2012-09-18
༧གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་དོན་དུ་སེ་འབྲས་དགའ་གསུམ་ནས་གྲྭ་པ་༥༠་རེ་དྭང་བླངས་འདོན་དགོས་ཞེས་གདན་ས་ཆེན་པོ་གསུམ་གྱི་བླ་སྤྱི་རྣམ་པ་ཚོས་བཀའ་རྒྱ་བསྩལ་ཡོད་པ་ལྟར། བློ་བཟང་མཁས་བཙུན་ལགས་ཀྱིས་དྭང་བླངས་འདོན་ཡོད་པ་རེད།
2012-09-18
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་གཉིས་ལ་གཞོན་ནུའི་ཟས་བཅད་ངོ་རྒོལ་བ་ཚོའི་དགོས་འདུན་ཐོག་དགོངས་བཞེས་ཡོང་བའི་འབོད་སྐུལ་བྱས་འདུག
2012-09-18
བྱང་ཨ་མི་རི་ཀའི་གླེང་ཆེན་ནས་ཡོ་རོབ་ཀྱི་གླེང་ཆེན་བར་གནམ་གྲུའི་ནང་ཐོག་མར་སྐྱོད་མཁན་དེ་ཨ་རི་བ་ ཅར་ལིས་ལིནཌ་བརག་མཆོག་ཡིན་པ་རེད།
2012-09-18
བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གི་བོད་རིགས་གཞོན་སྐྱེས་ཚོང་ལས་ཐོག་གཟེངས་སུ་ཐོན་པའི་བྱ་དག་དང་པོ་དེ་འཇིགས་མེད་རྣམ་རྒྱལ་ལགས་སུ་ཐོབ་འདུག
2012-09-18
བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཅེས་པའི་ཕྱག་དེབ་རྩོམ་པ་པོ་དང་། བོད་གནས་དཔྱད་ཞིབ་པ་འདི་གའི་ལས་བྱེད་ཝ་རན་སི་མིཏ་ལགས་ཀྱིས་བོད་ནང་རྒྱ་རིགས་གནས་སྤོ་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་བྲིས་སྤེལ་ཡོད་པ་རེད།