ཇར་མ་ནིའི་སྲིད་བློན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུ།

ཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་ཟླ་བ་འདིའི་ནང་རྒྱ་ནག་ཏུ་རྒྱལ་དོམ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་འདུག

2008.10.16

༄༅༎རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས་ཁ་ས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གི་གདན་ཞུ་ཕུལ་བ་ལྟར་འདི་ཟླའི་ཚེས་ཉི་ཤུ་གསུམ་ནས་ཉི་ཤུ་ལྔ་བར་ཇར་མན་སྲིད་བལོན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་དང་དུས་ཚོད་དེའི་སྐབས་ཇར་མན་སྲིད་བློན་མཆོག་ནས་རྒྱ་ནག་ནང་ཚོགས་རྒྱུའི་ཨེ་ཤེ་ཡ་དང་ཡུ་རོབ་ཡུལ་ཁག་གི་ལྷན་ཚོགས་སུ་ཚོགས་བཅར་ཡང་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་འདུག ཇར་མན་སྲིད་བློན་ཨེན་ཇེ་ལ་མར་ཀེལ་མཆོག་ནས་དེ་སྔ་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་སྲིད་བློན་གྱི་ལས་ཁུངས་ནང་གཞུང་འབྲེལ་མཇལ་འཕྲད་ཞུས་ཏེ་རྒྱ་ནག་ལ་ཕོགས་ཐུག་གི་ཁོང་ཁྲོ་ཆེན་པོ་བྱུང་ཡོད་པ་མ་ཟད་སྲིད་བློན་མཆོག་ནས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་ཡང་ཕེབས་མེད་པ་རེད་ ཨེ་ཤེ་ཡ་དང་ཡུ་རོབ་ཡུལ་ཁག་གི་ལྷན་ཚོགས་འདི་བཞིན་འདི་ཟླའི་ཚེས་ཉི་ཤུ་བཞི་ནས་ཉི་ཤུ་ལྔ་བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་ཀྱི་ཡོད་འདུག་ལ་ཚོགས་འདུ་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གི་གདན་ཞུ་ཕུལ་བ་བཞིན་ད་ཕན་སོལོ་ལྦེ་ནི་ཡའི་སྲིད་འཛིན་ཌེ་ནི་ལོ་ཊཀ་དང་པོའོ་ལེན་གྱི་སྲིད་བློན་ཌོ་ནལ་ཀྲསི་རྣམ་གཉིས་ཡང་ཕེབས་གཏན་འཁེལ་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎