འཇར་མ་ནིར་རྒྱ་རིགས་གསང་ཉུལ་བར་བསྔོགས་བཤེར།

འཇར་མན་གྱི་ཉེན་རྟོག་ལས་ཁུངས་ནས་ཡུ་གུར་མི་རིགས་ཐོག་གསང་ཉུལ་བྱེད་མཁན་གྱི་རྒྱ་རིགས་ཁག་ཅིག་ནང་ཁང་པ་བསྔོགས་བཤེར་བྱས་འདུག

2009.11.26

༄༅༎འཇར་མན་གྱི་ཉེན་རྟོག་ལས་ཁུངས་ནས་ཡུ་གུར་མི་རིགས་ཐོག་གསང་ཉུལ་བྱེད་མཁན་གྱི་རྒྱ་རིགས་ཁག་ཅིག་ནང་ཁང་པ་བསྔོགས་བཤེར་བྱས་ཡོད་འདུག

དེ་ཡང་འཇར་མི་ནིའི་གྲོང་ཁྱེར་མུ་ནིཀ་ནང་གི་དྲར་སེ་པེ་གྷལ་ཞེས་པའི་དུས་དེབ་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། བ་ཝ་རན་ཞེས་པའི་གྲོང་ཁྱེར་ནང་ཡུ་གུར་མི་རིགས་ཧ་ཅང་མང་པོ་ཡོད་པ་དེ་དག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཡང་རིམ་པ་སྤེལ་གྱི་ཡོད་པ་བཅས་ལ་བརྟེན་རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཚོའི་སྒེར་གྱི་ཉིན་རེའི་བྱ་གཞག་ཐོག་རྟོག་ཞིབ་བྱེད་མཁན་གསང་ཉུལ་མང་པོ་ཞིག་ཆེད་བཙུགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཚོ་གསང་ཉུལ་དེ་དག་མཉམ་ཐུགས་འཕྲད་བྱེད་ཀྱི་ཡོད་པ་ཤེས་རྟོག་བྱུང་མཚམས་ས་གནས་ཉེན་རྟོག་ལས་ཁུངས་ནས་མི་དེ་དག་གི་ཐོག་ཁང་པ་བསྔོགས་བཤེར་བྱས་པ་དང་། ཞིབ་མཇུག་འདྲི་བརྩད་བྱེད་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

ཡང་གོང་ཞུས་དུས་དེབ་དེའི་ནང་བཀོད་པར་ལྟར་ན། ད་རེས་རྒྱ་མིའི་གསང་ཉུལ་བ་ཚོའི་ཐོག་ཞིབ་མཇུག་བྱེད་པ་ཐོག་མ་དེ་ཡིན་པ་དེ་ནི་སྲིད་བྱུས་གསར་པ་བཟོས་པ་དེ་བརྒྱུད་ཡིན་པ་རེད། ལོ་གཉིས་གོང་ཙམ་ལ་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཇི་ཡུ་མིན་ཞེས་པ་ཞིག་གསང་ཉུལ་བའི་མཉམ་ཐུགས་འཕྲད་བྱས་པ་ཤེས་རྟོག་བྱུང་ཡོད་ཙང་ཕྱིར་འབུད་མ་བྱས་པའི་གོང་ཁོ་པ་དགོངས་པ་ཞུས་ནས་འཇར་མན་ནས་ཕྱིར་ཐོན་ཡོད་པ་རེད། རྒྱ་ནག་གཞུང་ནས་ཁོ་པ་སླར་ཡང་ལས་གནས་རང་འཇགས་སྤྲད་འདོད་ཡོད་ཀྱང་ད་རེས་གསང་ཉུལ་བ་ཚོའི་ཞིབ་མཇུག་བྱེད་རྒྱུའི་སྲིད་བྱུས་ལག་ལེན་འཁེལ་བ་དེས་རང་བཞིན་གྱི་ཕྱིར་ལོག་ཡོང་རྒྱུ་ཁག་པོ་ཆགས་ཡོད་པའི་དཔྱད་ཞིབ་བྱེད་འདུག

རྒྱ་ནག་གཞུང་ནས་གསོ་ཉུལ་མང་པོ་བཞག་གི་ཡོད་པའི་གནས་ཚུལ་ཨ་རིའི་ནང་དུའང་དེ་སྔ་བྱུང་མྱོང་ཡོད་རེད་ལ་དེ་དག་གི་ཐོག་ཁྲིམས་བཤེར་ཡང་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎