ཇར་མ་ནིའི་སྲིད་བློན་ནས་བོད་རྒྱ་གྲོས་མོལ་དགོས་པའི་འབོད་སྐུལ།

ཇར་མ་ནིའི་སྲིད་བློན་ཨེན་ཇེ་ལ་མར་ཀེལ་མཆོག་གིས་རྒྱ་ནག་ནས་༸གོང་ས་མཆོག་དང་གྲོས་མོལ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད།

2009.01.29

༄༅༎ཇར་མ་ནིའི་སྲིད་བློན་ཨེན་ཇེ་ལ་མར་ཀེལ་མཆོག་གིས་རྒྱ་ནག་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་ཇར་མ་ནིའི་སྲིད་བློན་ཨེན་ཇེ་ལ་མར་ཀེལ་མཆོག་གིས་ཇར་མ་ནིའི་རྒྱལ་ས་སྦར་ལིན་ནང་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་དང་གསར་འགོད་ལྷན་ཚོགས་ཤིག་གནང་སྐབས་ང་ཚོས་བོད་ནང་གི་གནས་སྟངས་ཐོག་བཀའ་མོལ་བྱུང་།ཇར་མ་ནིའི་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་བསྡུར་འགོ་འཛུགས་གནང་རྒྱུ་དེ་ཕྱོགས་གཉིས་ཀའི་ཁེ་ཕན་ཡིན་སྐོར་ནན་བརྗོད་བྱས་པ་ཡིན།དེའི་ཐོག་ཇར་མ་ནིའི་ངོས་ནས་མཐུན་འགྱུར་གནང་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་འདུག རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་བོད་སྐོར་གང་ཡང་གསུངས་མེད་ཀྱང་ཇར་མ་ནི་དང་རྒྱ་ནག་ངོས་ནས་མི་མཐུན་པའའི་དགོངས་ཚུལ་ཁག་གཟབ་ཅིང་དྲང་པོའི་ཐོག་ལག་བསྟར་བྱ་རྒྱུའི་འདོད་པ་ཡོད་སྐོར་གསུངས་འདུག དེ་སྔོན་ཕྱི་ལོ་༢༠༠༧ལོར་སྲིད་བློན་མར་ཀེལ་མཆོག་གིས་སྲིད་བློན་ལས་ཁུངས་ནང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་བ་དེར་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོའི་ཐོག་ཡུལ་གཉིས་བར་གྱི་འབྲེལ་བའི་ཐོག་དོ་ཕོག་སྤྲད་ཀྱང་ད་ཐེངས་ལྦེན་ཅ་པའོས་དཀའ་རྙོག་དེ་སེལ་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎