རྒྱ་ནག་གིས་གང་མགྱོགས་བོད་ལ་ཕྱིར་ལོག་བྱེད་དགོས་བའི་བཙན་བཀའ་བཏང་འདུག


2018.01.22
༧གོང་ས་མཆོག་གིས་གྷ་གྷལ་གནམ་ཐང་ནས་བོད་ནས་ཕེབས་པའི་བོད་མི་ཚོར་མཇལ་ཁ་གནང་སྐབས། ༢༠༡༧།༡༡།༡༧ ༧གོང་ས་མཆོག་གིས་གྷ་གྷལ་གནམ་ཐང་ནས་བོད་ནས་ཕེབས་པའི་བོད་མི་ཚོར་མཇལ་ཁ་གནང་སྐབས། ༢༠༡༧།༡༡།༡༧
སངས་རྒྱས་རྡོ་རྗེ།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་སྩལ་གནང་བཞིན་པའི་བཀའ་ཆོས་ཞུ་རྒྱུ་དང་། རྒྱ་གར་དང་བལ་ཡུལ་ནང་གནས་མཇལ་ཞུ་རྒྱུའི་ཆེད་བོད་ནས་ཕེབས་མཁན་བོད་མི་རྣམས་བོད་ལ་གང་མགྱོགས་ཕྱིར་ལོག་དགོས་པ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་ད་ཆ་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་ཕེབས་མཁན་མང་པོ་ཞིག་ཛ་དྲག་གིས་བོད་ནང་ཕྱིར་ལོག་བྱེད་དགོས་བྱུང་བཞིན་ཡོད་འདུག
དེ་ཡང་ཁམས་ཕྱོགས་ཀྱི་རྫོང་ཁག་འགའ་ཤས་ཀྱི་ནང་ཡོད་པའི་ས་གནས་རྒྱ་ནག་གཞུང་གིས་ཉེ་ལམ་བརྡ་ཁྱབ་ཞིག་བཏང་ཡོད་པ་དེའི་ནང་། འདི་ལོ་བོད་ནས་བལ་ཡུལ་དང་རྒྱ་གར་ནང་གནས་སྐོར་དང་གཉེན་འཕྲད་དུ་བསྐྱོད་མཁན་བོད་མི་རྣམས་གང་མགྱོགས་ཕྱིར་ལོག་དགོས་པ་དང་། གལ་ཏེ་དུས་བཀག་ནང་ཕྱིར་ལོག་མ་བྱས་ཚེ་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་ཀྱི་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དང་གནས་སྐོར་ལ་ཕེབས་མཁན་ལི་ཐང་སོགས་ནས་ཡིན་པའི་བོད་མི་རྣམས་ཛ་དྲག་ངང་ཕྱིར་ལོག་གནང་དང་གནང་མུས་ཡིན་པ་འདི་ག་རླུང་འཕྲིན་ཁང་དུ་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་དང་དུས་མཚུངས་རྟའུ་རྫོང་ས་གནས་སྲིད་གཞུང་གིས་ཀྱང་ཟླ་བ་འདིའི་ཕྱི་ཚེས་༡༢་ཙམ་ལ་གློ་བུར་དུ་བརྡ་ཁྱབ་བཏང་ཏེ་རྟའུ་ཕྱོགས་ཀྱི་བོད་མི་རྣམས་གང་མགྱོགས་ཟླ་བ་འདིའི་ཚེས་༡༦་ནང་ཚུད་ལ་ཕྱིར་ལོག་བྱེད་ཟིན་པ་དགོས་པའི་གནོན་ཤུགས་སྤྲད་ཡོད་སྟབས། ཁུལ་དེ་ནས་རྒྱ་གར་དང་བལ་ཡུལ་ནང་གནས་སྐོར་དུ་ཕེབས་པའི་བོད་མི་རྣམས་གནས་མཇལ་ཞུ་རྒྱུ་སོགས་མཚམས་བཞག་ནས་ཕྱིར་ལོག་མ་གནང་ཀ་མེད་བྱུང་བ་བོད་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་གསལ་བཤད་གནང་ཡོད་པ་རེད།
དེ་བཞིན་ཡང་འབྲེལ་ཡོད་གནད་ཡོད་མི་སྣས་གནས་ཚུལ་ངོ་སྤྲོད་བ་ལྟར་ན། སྤྱིར་འདི་ལོ་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་གནས་སྐོར་དུ་ཕེབས་མཁན་བོད་མི་ཉི་སྟོང་དྲུག་བརྒྱ་ཙམ་བྱུང་ཡོད་རུང་རྒྱ་ནག་གཞུང་གིས་བརྡ་ཁྱབ་དེ་བཏང་བའི་རྗེས་བོད་མི་ཚོ་རིམ་བཞིན་ཕྱིར་ལོག་གནང་ནས་ད་ཆ་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་གསར་དུ་ཕེབས་མཁན་བོད་མི་༢༠༠་ཙམ་ལས་ལྷག་མེད་པ་རེད་འདུག

གསར་འགོད་པ་དབྱངས་སྒྲོན་དང་། ཟླ་བ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎