ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ཡིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གཏན་འཁེལ་འདུག

2023.01.30
ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ཡིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གཏན་འཁེལ་འདུག ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༣༤པའི་སྐབས། ༠༡།༢༥།༢༠༢༣
Chenchophotography

དེ་ཡང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ། འདི་ལོའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༣༤པ་དེ་བཞིན་ཕྱི་ཟླ་༡ཚེས་༢༢ནས་ཚེས་ ༣༡བར་འཚོགས་ཡོད་པ་ལྟར། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་འབྲས་སུ། སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོ་རེས་མོས་གནང་གི་ཡོད་པ་ལྟར། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་རིན་པོ་ཆེ་མཆོག་གིས་མ་འོངས་ལོ་གསུམ་གྱི་རིང་། སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གནང་རྒྱུ་ཡིན་པ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་རྒྱལ་བའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སློབ་དཔོན་ཀརྨ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་ཐོག་ངོ་སྤྲོད་གནང་བྱུང་།
ཕྱི་ལོ་༢༠༡༨ལོ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སུ་བཞུགས་ཐད་གོ་བསྡུར་བྱུང་བར་རྙིང་མའི་མ་དགོན་དྲུག་ནས་རེས་མོས་གནང་རྒྱུ་ཐག་གཅོད་གནང་ཡོད་ནའང་། ༢༠༢༠ལོའི་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས། ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་གསོལ་འདེབས་ཞུས་ཀྱང་། བསྟན་འགྲོའི་བདེ་རྩར་དགོངས་བཞེས་ཀྱིས་ཞལ་བཞེས་གནང་མེད་པར་བརྟེན། རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་སྔ་འགྱུར་རྙིང་མའི་བསྟན་དོན་དང་འབྲེལ་བའི་གནད་དོན་རྣམས་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐག་གཅོད་བྱུང་ཞིང་། སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་གིས་བཞེས་གནང་ཡོད་པ་རེད།།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎