ཨི་ཇིཔ་ཡུལ་གྲུའི་ནང་ཕག་པ་སྟོང་ཕྲག་མང་པོ་བསད་ཡོད་པ།

ཕག་པའི་རིམས་ནད་ཅེས་དར་ཁྱབ་འགྲོ་བཞིན་པ་དེས་ཨི་ཇིཔ་ཡུལ་གྲུའི་ནང་སྔོན་འགོག་ཆེད་དུ་ཕག་པ་སྟོང་ཕྲུག་མང་པོ་སྡེབ་བསད་བཏང་ཡོད་པ།

2009.05.01

༄༅༎འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་སྟེ་དེང་སྐབས་འཛམ་གླིང་ནང་ཕག་པའི་རིམས་ནད་ཅེས་ཐ་སྙད་བཏགས་པ་དེར་ཁག་ཅིག་གིས་ཕག་པ་རྩ་མེད་བཟོ་རྒྱུའི་བྱ་སྤྱོད་སྤེལ་བཞིན་པར་བརྟེན་བྱ་སྤྱོད་དེ་འགོག་ཐབས་སུ་རིམས་ནད་དེར་ཨེཆ་བན་ཨེན་བན་རིམ་པ་ལྔ་པ་ཞེས་མིང་བསྒྱུར་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

དེང་སྐབས་དར་ཁྱབ་འགྲོ་བཞིན་པའི་རིམས་ནད་དེ་ཡི་མིང་ལ་ཕག་པའི་རིམས་ནད་ཅེས་ཐ་སྙད་ཅིག་བཏགས་པ་ལས་རིམས་ནད་དེ་ནི་ཕག་པ་ནས་འགོས་ཁྱབ་བྱུང་བ་ཡིན་པའི་དཔངས་རྟགས་མེད་ཅིང་ད་ལྟ་བར་རིམས་ནད་དེ་འགོས་ཁྱབ་བྱུང་བའི་ནད་པ་རྣམས་ཕག་པ་དང་འབྲེལ་བ་རྩ་བ་ནས་མེད་པ་ཤ་སྟག་ཡིན་ནའང་རེས་གཟའ་ཕུར་བུའི་ཉིན་ཨི་ཇིཔ་ཡུལ་གྲུའི་ནང་རིམས་ནད་དེ་སྔོན་འགོག་ཆེད་དུ་ཕག་པ་སྟོང་ཕྲག་མང་པོ་སྡེབ་བསད་བཏང་བའི་བྱ་སྤྱོད་འགོ་བཙུགས་ཡོད་པར་བརྟེན་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རིམས་ནད་དེའི་མིང་བརྗེ་བསྒྱུར་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

འཛིམ་གླིང་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་ཌིཀ་ཐོམ་སོན་གྱིས་གསུངས་པར་སོ་ནམ་ཐོན་སྐྱེས་བཟོ་གྲྭ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟ་འབྲུའི་ལས་ཁུངས་ལ་ཕག་པའི་རིམས་ནད་ཅེས་བཏགས་པའི་ཕག་པའི་མིང་གི་ཐ་སྙད་དེ་མི་དམངས་ཚོས་གོ་ནོར་ཐེབས་པ་དང་བེད་སྤྱོག་ལོག་པར་བཏང་སྟེ་ཕག་པ་མང་པོ་སྡེབ་བསད་བཏང་བ་དང་ཕག་པའི་ཐོན་སྐྱེས་ཚོང་ལས་ལ་གནོད་འཚེ་བཟོ་རྒྱུའི་ཉེན་ཁ་གཟིགས་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎