ལྷ་སར་ཡུལ་བསྐོར་སྤྲོ་འཆམ་པའི་རུ་ཁག་དང་པོ་དེ་འབྱོར་འདུག

བོད་དེ་སླར་ཡང་འཛམ་གླིང་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོར་སྒོ་མོ་ཕྱེ་སྟེ་ཁ་ས་ཡུལ་བསྐོར་སྤྲོ་འཆམ་པའི་རུ་ཁག་དང་པོ་དེ་འབྱོར་ཡོད་འདུག

2009.04.05

༄༅༎བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་རྒྱ་ནག་གཞུང་གི་བཀོད་ཁྱབ་གཞིར་བཟུང་ཟླ་བ་སྔོན་མའི་ནང་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་གཏོང་རྒྱུ་ལྟ་ཞོག་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ཡང་བོད་ནང་འགྲོ་བསྐྱོད་ཆོག་རྒྱུ་བཀག་འགོག་བྱས་པ་རེད། འདས་པའི་ཟླ་བ་འགའ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཀྱི་ཁྱོན་ལ་ཆེས་བཙན་པའི་དམ་བསྒྲགས་ཀྱི་སྟ་གོན་འོག་བདེ་འཇགས་སྲུང་སྐྱོབ་བྱས་པར་བརྟེན་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་བོད་མི་ཚོས་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་འཁེལ་བའི་ཟླ་བ་སྔོན་མའི་ནང་བོད་ནང་སྔ་ལོ་ནང་བཞིན་གྱི་ཞི་རྒོལ་ཆེན་པོ་དེ་ཙམ་མ་བྱུང་བ་སོང་ཙང་བོད་དེ་སླར་ཡང་འཛམ་གླིང་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོར་སྒོ་མོ་ཕྱེ་རྒྱུའི་ཐག་གཅོད་བྱས་ཏེ་གཟའ་སྤེན་པའི་དགོངས་དྲོ་མི་གྲངས་བཅུ་གཅིག་བྱས་པའི་ཡུལ་བསྐོར་སྤྲོ་འཆམ་པའི་རུ་ཁག་དང་པོ་དེ་ཇར་མ་ནི་ནས་ལྷ་སར་འབྱོར་ཡོད་པ་དང་དེ་རིང་ཉིན་ཡུལ་བསྐོར་སྤྲོ་འཆམ་པ་ཉི་ཤུ་རྩ་ལྔ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འགན་འཛིན་བུ་ཆུང་ཞུ་བས་རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་སྤེལ་ཚན་པར་འགྲེལ་བརྗོད་བྱས་གསལ་ལྟར་ན་ཟླ་བ་འདིའི་ཚེས་ཉི་ཤུ་བར་ཕྱིའི་རྒྱལ་ཁབ་འདྲ་མིན་ནས་ཡུལ་བསྐོར་སྤྲོ་འཆམ་པའི་རུ་ཁག་ཉིས་བརྒྱ་ཙམ་ནས་ལྟ་བསྐོར་བ་མི་གྲངས་ལྔ་བརྒྱ་བརྒལ་བ་བོད་དུ་འབྱོར་རྒྱུ་ཡིན་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་ག་ཚོས་བོད་ནང་ཡོད་ནའང་གྲ་སྒྲིག་ཆ་ཚང་ཡོད་ལུགས་ཀྱང་མདོ་སྟོད་ཆབ་མདོའི་ནང་གི་འགྲིམ་འགྲུལ་ཁེ་ལས་ཚན་པའི་དོ་དམ་པ་ལིའུ་མིང་ཙན་ཟེར་བས་རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་སྤེལ་ཚན་པར་བཤད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎