བོད་ནང་རང་ལུས་མེར་སྲེག་གནང་མཁན་ཐོག་མ་བཀྲ་བྷེ་ལགས་ལ་དྲན་གསོ་གནང་འདུག

2025.02.27
བོད་ནང་རང་ལུས་མེར་སྲེག་གནང་མཁན་ཐོག་མ་བཀྲ་བྷེ་ལགས་ལ་དྲན་གསོ་གནང་འདུག བོད་ནང་རང་ལུས་མེར་སྲེག་གནང་མཁན་ཐོག་མ་བཀྲ་བྷེ་ལགས་ལ་དྲན་གསོ་གནང་པ། ༢༠༢༥།༢།༢༧
སྒྲིག་བཟོ། /CTA

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚན་པས། སྤྱི་ཟླ་གཉིས་པའི་ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་སྐུ་པར་དང་རང་ལུས་མེ་བསྲེག་གནང་དགོས་པའི་རྒྱུ་རྐྱེན་སོགས་ཞིབ་ཕྲ་འགྲེལ་བཤད་གནང་ནས་ཁུ་སིམ་པོའི་འཐབ་རྩོད་ཀྱི་མེ་ལྕེ་ཞེས་པའི་བརྗོད་ཚིག་གི་ཐོག་ནས་ཁོང་ལ་དྲན་གསོ་གནང་ཡོད་ཅིང་། དེའི་ནང་དུ་ ༢༠༠༩ ལོའི་དེ་རིང་གི་ཉིན་མོ་འདི་ནི་བོད་ནང་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་འགོ་བཙུགས་པའི་དུས་ཚེས་ཡིན་ཞིང་། སྐབས་དེར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས། ས་གནས་རྒྱ་ནག་གཞུང་གིས་ཁོང་གི་དགོན་པའི་སྨོན་ལམ་ཚོགས་མ་བཅུག་པར་བརྟེན་ཁོང་ལོ་ ༢༧ ཐོག་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པ་དེ་ནི་བོད་ནང་དུ་འཚེ་མེད་ཞི་བའི་ངོ་རྒོལ་གྱི་རྣམ་པ་ཆེས་མཐོ་ཤོས་ཤིག་ཐོག་མར་བྱུང་བ་དང་། དེས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་གི་ཐོག་ལ་དྲག་གནོན་བྱེད་པའི་སྲིད་ཇུས་ལ་བོད་མིའི་སྤྱི་ཚོགས་ནང་དུ་མི་དགའ་བའི་ཚོར་བ་ཟབ་མོ་ཡོད་པ་མཚོན་གྱི་ཡོད་པ་གསལ་སྟོན་གནང་འདུག

* རང་ལུས་མེར་སྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་རྣམས་ཀྱི་མཚན་གཞུང་ཕྱོགས་བསྒྲིགས།
བཀྲ་བྷེ་ལགས་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་དང་དྲག་རྩུབ། དྲག་གནོན་གྱི་བྱ་སྤྱོད་ལ་བཟོད་ཐབས་བྲལ་ནས་ངོ་རྒོལ་རྣམ་པ་དེ་ལྟར་བྱེད་དགོས་བྱུང་བ་མཚོན་པ་དང་། ལྷག་པར་དུ་༢༠༠༨ ལོར་རྔ་པ་ཁུལ་དུ་ངོ་རྒོལ་བྱུང་རྗེས་ས་གནས་དབང་འཛིན་པས་དྲག་གནོན་བྱས་པའི་རྐྱེན་གྱིས་བུད་མེད་སྦྲུམ་མ་དང་བྱིས་པ། ན་གཞོན། སློབ་ཕྲུག་ཚུད་པའི་ཞི་བའི་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད།
སྐབས་དེར་བཀྲ་བྷེ་ལགས་ཀྱིས་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཅས་བསྣམས་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་སྐབས་སུ་སྲོལ་རྒྱུན་གྱི་མྱ་ངན་མཛད་སྒོ་ཞིག་མེད་པ་བཟོས་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་དང་། རྒྱ་ནག་གི་དྲག་ཆས་དམག་མིས་མེ་ལྕེ་འབར་བཞིན་པའི་སྐབས་སུ་མེ་མདའ་བརྒྱབ་པའི་བྱ་སྤྱོད་དེ་ནི་ཁོང་ལྟ་བུའི་ངོ་རྒོལ་བྱེད་མཁན་ཚོར་དྲག་པོའི་བྱ་ཐབས་སྤྱོད་ཀྱི་ཡོད་པ་མཚོན་གྱི་ཡོད། ཁོང་རྗེས་སུ་སྨན་ཁང་ཁག་འགའ་ཤས་སུ་ཁྲིད་པའི་ནང་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོང་གི་ནང་མི་རྣམས་དང་དགོན་པའི་གནད་ཡོད་རྣམས་དང་འབྲེལ་བ་བྱེད་རྒྱུ་བཀག་སྡོམ་བྱས་པ་དེས་རྒྱ་ནག་གཞུང་གིས་གསང་བ་དང་དོན་རྐྱེན་དེ་དག་མངོན་མེད་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ལ། ཁོང་སྨན་ཁང་ཁག་འགའ་ཤས་ནང་ནས་གར་སོང་མེད་པ་གྱུར་བ་དང་ནང་མི་དང་ཆོས་ལུགས་མི་སྣ་མང་ཆེ་བ་དང་འབྲེལ་བ་བྱེད་རྒྱུ་བཀག་འགོག་བྱས་པ་དེས་རྒྱ་ནག་གིས་གསང་བ་དང་དོན་རྐྱེན་དེ་དག་ལ་མངོན་མེད་ཐོག་ནས་ཐག་གཅོད་བྱེད་པའི་དཔེ་མཚོན་ཞིག་ཡིན་པ་གསལ་སྟོན་གནང་འདུག
གང་ལྟར་༢༠༢༥ལོའི་ཟླ་གཉིས་པའི་ཚེས་༢༧བར་དུ་བོད་ནང་དུ་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པའི་གནས་ཚུལ་ཤེས་རྟོགས་ཐུབ་པ་ཉུང་མཐར་བོད་མི་ ༡༥༧ བྱུང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གསུང་སྟེ། དུས་ཉེ་ཤོས་ནི་ ༢༠༢༢ ལོར་དགུང་ལོ་༨༡ ཡིན་པའི་བོད་མི་རྒན་གྲས་བཀྲ་ཕུན་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་ནས་རྨས་སྐྱོན་ཕོག་སྟེ་འདས་གྲོངས་སུ་ཕྱིན་པ་སོགས་ངོ་རྒོལ་འདི་དག་ནི་དགེ་བཙུན་དང་ཁྱིམ་པ་བཅས་བོད་ནང་གི་སློབ་མ་དང་། ཞིང་པ། དགེ་རྒན། ཕ་མ་དང་། རྒན་རྒོན་སོགས་འཚོ་བའི་གནས་བབ་འདྲ་མིན་ནས་བྱས་ཡོད་པ་རེད་ཅེས་དང་། མདོར་བསྡུས་ན། བཀྲ་བྷེ་ལགས་ཀྱི་མིང་གཞན་ལ་བློ་བཟང་བཀྲིས་ཞུ་བ་དང་། ༢༠༠༩་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༧་ཉིན་རང་ལུས་མེ་བསྲེག་གིས་ངོ་རྒོལ་གནང་བ་དང་། ༢༠༢༤་ལོར་ཁོང་གློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་དུ་དམ་དྲག་དང་སོ་ལྟ་ནན་པོའི་འོག་གནས་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར་བྲིས་གནང་འདུག

* བོད་ཕྱི་ནང་གཉིས་ནས་བོད་དོན་ཆེད་རང་ལུས་མེར་སྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་རྣམས་ཀྱི་མཚན་གཞུང་ཕྱོགས་བསྒྲིགས།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎