གསར་འགྱུར་ཡིག་ཚགས།
2012-09-26
ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་ས་གནས་བོད་མི་ཚོར་མུ་མཐུད་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་དང་། ཁུལ་དེར་རྒྱ་ནག་གི་ལས་དོན་སྤེལ་ཕྱོགས་ལ་ངོ་རྒོལ་ཆེད་བོད་མི་ཞིག་ཁང་བརྩེགས་ཡང་སྟེང་ནས་མཆོངས་འདུག
2012-09-26
༧གོང་ས་མཆོག་གིས་འགྲོ་བ་མི་རྣམས་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་པས་བྱམས་པ་དང་བརྩེ་བའི་ནུས་བས་ང་ཚོ་འཆམ་མཐུན་བཟོ་བཞིན་ཡོད་པ་གསུངས་འདུག།
2012-09-26
བོད་དང་ས་འབྲེལ་བལ་ཡུལ་མཐའ་མཚམས་སུ་ནུབ་ཕྱོཊ་པའི་རི་འཛེགས་རུ་ཁག་ཅིག་གངས་ཤུད་ཐེབས་པའི་འོག་མནན་སྟེ་མི་༨་གྲོངས་པ་དང་མི་གསུམ་གར་སོང་ཆ་མེད་དུ་གྱུར་ཡོད་དེ་རྒྱ་ནག་དང་འབྲེལ་བ་ཡོད་ཟེར།
2012-09-26
ཞི་ཅིན་ཕིན་གྱིས་མ་འོངས་བར་ཁོང་གི་སྲིད་དབང་རིང་བོད་ཐོག་ཆབ་སྲིད་ལྷོད་ཡངས་གཏོང་གི་རེད་སྙམ་པའི་མངོན་དཔག་གི་རྦ་རླབས་བོད་མིའི་སྤྱི་ཚོགས་ཁྲོད་ལ་ཁྱབ་བཞིན་པ་རེད་འདུག
2012-09-26
ཉེ་ཆར་རྒྱ་ནག་གིས་གནམ་གྲུ་སྦྲགས་མའི་དམག་གྲུ་ཆེན་པོ་ཞིག་མཚོ་ཐོག་ལ་དངོས་སུ་བཏང་བ་དེར་དམག་དོན་མཁས་པ་ཚོས་མིག་སྔར་དམག་འཐབ་བྱེད་ཐུབ་པའི་ནུས་པ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག
2012-09-26
རྒྱ་ནག་གིས་ཏེའུ་ཡུད་རྡའོ་དང་ཉི་ཧོིང་གིས་སེན་ཀའ་ཀོ་ཞེས་འབོད་པའི་རྩོད་གཞི་ཅན་གྱི་གླིང་ཕྲན་དེའི་བདག་དབང་ཆེད་ཉི་ཧོང་དང་རྒྱ་ནག་བར་དམག་འཁྲུག་ཡོང་གཞིའི་གནས་སྟངས་འོག་ཚུད་ཡོད་པ་རེད།
2012-09-25
བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཅེས་པའི་ཕྱག་དེབ་རྩོམ་པ་པོ་དང་། བོད་གནས་དཔྱད་ཞིབ་པ་འདི་གའི་ལས་བྱེད་ཝ་རན་སི་མིཏ་ལགས་ཀྱིས་རྒྱ་མིའི་རྒྱལ་ཞེན་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་བྲིས་སྤེལ་ཡོད་པ་རེད།
2012-09-25
༧གོང་ས་མཆོག་ནས་རྒྱ་གར་གྱི་ཧིན་དུ་ཆོས་པ་གཙོ་བོར་འགྱུར་བའི་དད་ལྡན་ཁག་ཅིག་ལ་ནང་སེམས་ཀྱི་བདེ་སྐྱིད་ཡར་རྒྱས་གཏོང་དགོས་པའི་བཀའ་སློབ་གནང་འདུག
2012-09-25
བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་དང་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་གློ་བུར་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག
2012-09-25
ཨ་མི་རི་ཀའི་གློག་བརྙན་འཁྲབ་མཁན་དང་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་སྐུ་ཞབས་རིག་ཆར་སུས་ཛིར་ལན་ཌིའི་ནང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་དང་ཐུགས་འཕྲད་བྱས་འདུག
2012-09-25
བོད་གཞུང་དམངས་ཡོངས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་བའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པ་རེད།
2012-09-25
བྱང་ཨ་མི་རི་ཀའི་གླེང་ཆེན་ནས་ཡོ་རོབ་ཀྱི་གླེང་ཆེན་བར་གནམ་གྲུའི་ནང་ཐོག་མར་སྐྱོད་མཁན་དེ་ཨ་རི་བ་ ཅར་ལིས་ལིནཌ་བརག་མཆོག་ཡིན་པ་རེད།
2012-09-25
ཟླ་བ་འདིའི་ཚེས་༡༤ནས་༢༢བར་བཞུགས་སྒར་དྷ་རམ་ས་ལར་སྐོང་ཚོགས་གནང་བའི་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེའི་ཐོག་མཉམ་རུབ་ཀྱི་ནུས་པ་ཤུགས་ཆེ་བཏོན་ཐུབ་པ་བྱུང་སྐོར་ཚོགས་གཙོས་གསུངས་ཡོད།
2012-09-25
བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གོ་བསྡུར་གནང་རྒྱུའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དབུ་འབྱེད་གནང་ཡོད་པའི་གནས་ཚུལ།
2012-09-24
རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མིའི་སྐུ་ཚབ་རྣམས་རྡ་རམ་ས་ལར་འཛོམས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་ཚོགས་ཆེན་ཚོགས་རྒྱུར་གྲ་སྒྲིག་གཟབ་རྒྱས་བྱུང་ཡོད་འདུག