གསར་འགྱུར་ཡིག་ཚགས།
2012-08-31
ཇརྨེ་ཎིའི་དབུ་ཁྲིད་ ཨནྗེ་ལ་ མརྐེལ་དང་། རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་རྣམ་གཉིས་མཇལ་འཕྲད་སྐབས། འགྲོ་བ་མིའི་ཐང་སྐོར་སྐོར་བཀའ་བསྡུར་གནང་གི་ཡོད་འདུག
2012-08-31
རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཝང་ཞའོ་ཉིང་རྒྱ་ནག་གཞུང་གིས་རྒྱལ་ཁབ་མགོ་སྟིང་སློག་རྩིས་བྱས་པའི་ཉེས་བཙུགས་བྱས་ནས་བཙོན་འཇུག་ལོ་བཅུ་བྱས་ནས་འདི་རིང་ཕྱི་ཚེས་༣༡ཉིན་བཙོན་འགྲོལ་ཐོབ་འདུག
2012-08-31
ཕྱི་ཟླ་བརྒྱད་པའི་ཚེས་༢༤ནས་ ༢༩བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་རྒྱལ་གཞུང་ཚབ་མི་སྣ་དང་མཇལ་མོལ་གནང་འདུག
2012-08-30
རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་ད་བར་བོད་ནང་གི་བོད་མི་༥༡ནས་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་བསྐྱེད་ཆེད་ཕྱི་ཚེས་༢༨དང་༢༩བཅས་སུ་བཞུགས་སྒར་དུ་དམིགས་བསལ་ལས་འགུལ་སྤེལ་འདུག
2012-08-30
ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊན་མཆོག་སང་ཉིན་ཕྱི་ཚེས་༣༡་ཉིན་ཨ་རིའི་གཞུང་འཛིན་སྐུ་ཚབ་འཐུས་མི་ཁག་ཅིག་སྣེ་ཁྲིད་གནང་སྟེ་Cook གླིང་ཕྲན་ནང་འཚོགས་རྒྱུའི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་ཚོགས་འདུར་ཕེབས་འཆར་ཡོད་པ་རེད།
2012-08-30
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་མཁྲེགས་བཟུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་སྔོན་དཔག་བྱེད་དཀའ་ཡང་། བར་ལམ་ནས་གང་གསན་བཞིན་པ་དེས་ཐུགས་རེ་གསར་པ་ཞིག་བྱུང་ཞེས་བཀའ་གནང་འདུག
2012-08-30
མདོ་སྨད་མགོ་ལོག་དགའ་བདེའི་གཙང་སྐོར་ཞོལ་མའི་གནས་རི་གྲགས་ཅན་ཞིག་ནས་རྒྱ་མིས་གསེར་གྱི་གཏེར་ཁ་བསྔོག་རྩིས་བྱས་འདུག འོན་ཀྱང་རྒྱ་ནག་གི་བྱ་སྤྱོད་དེར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་གནང་བཞག
2012-08-29
མཇར་མན་ནེ་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་སྐབས་རྒྱ་ནག་གི་འགོ་ཁྲིད་མཉམ་བོད་ནང་གི་རང་ལུས་མེར་བསྲེག་ཛ་དྲག་གི་གནས་སྟངས་གླེང་དགོས་འབོད་སྐུལ་དང་། ལས་ཁུངས་མདུན་ལས་འགུལ་སྤེལ་འདུག
2012-08-29
རྒྱ་ཉི་གཉིས་རྩོད་རྙོག་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཉི་ཧོང་རྒྱལ་སའི་གྲོང་ཁྱེར་སྲིད་སྐྱོང་བས་རྒྱ་ནག་ལ་ཐ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ལས། རྒྱ་འོག་ནས་ཉི་ཧོང་བོད་གཉིས་པར་འགྱུར་འཇུག་རྒྱུ་མིན་སྐོར་བརྗོད་འདུག
2012-08-29
རྒྱ་ནག་ལེའི་ཉིང་ཞིང་ཆེན་ཕང་གྲང་གྲོང་ཁྱེར་གྱི་དཔོན་རིགས་ཟུར་པ་ཞིག་གིས་ཨ་སྒོར་ས་ཡ་མང་པོ་ལྐོག་ཟ་བྱས་ཡོད་པ་རྒྱལ་སྤྱའི་གསར་ལམ་ནས་གནས་ཚུལ་སྤེལ་འདུག
2012-08-28
རྒྱ་ནག་གིས་ཉེ་ཆར་བོད་ནང་གི་གནས་ཚུལ་ཕྱིར་སྐྱེལ་བྱས་པའི་ཉེས་མིང་འོག་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལ་ཁྲིམས་ཐག་བཅད་པའི་བྱེད་སྟངས་ལ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོཌ་ཀྱིས་སྐྱོན་བརྗོད་བྱས་འདུག
2012-08-28
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་སེ་ར་ཀོའུ་སུ་གཙུག་ལག་སློབ་གྲྭར་མི་རིང་བའི་ཟླ་བཅུ་པའི་ནང་ཆིབས་བསྒྱུར་གནང་འཆར་འདུག
2012-08-28
རྒྱལ་སྤྱིའི་བལྟ་རྟོགས་ཚོགས་པ་ཞིག་གིས་མ་འོངས་བལ་ཡུལ་གྱི་སྲིད་དབང་བལྟ་བ་མཁྲེགས་འཛིན་ཅན་གྱིས་འཛིན་བཟུང་རྩིས་སྤྲོད་བྱ་རྒྱུ་ནི་ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་འདུག
2012-08-28
རྔ་བ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་གྲྭ་བློ་བཟང་རབ་བརྟན་ཚེས་ ༡༩ ཉིན་གྱི་མཚན་མོ་འཛིན་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར་འདུག
2012-08-27
བོད་ཨ་མདོ་རྔ་པ་ཀི་རྟིའི་རྫོང་མཁར་ཕྱོགས་ནས་དེ་རིང་ཡང་བོད་མི་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག