གསར་འགྱུར་ཡིག་ཚགས།
2012-10-12
༧གོང་ས་མཆོག་ཕྱི་ཟླ་༡༠ པའི་ཚེས་༡༠དང་༡༡ བཅས་ཉིན་གྲངས་གཉིས་ཀྱི་རིང་ཝར་ཇི་ནི་ཡ་ནང་བསྐྱངས་པའི་མཛད་འཆར་ཁག་གྲུབ་ཏེ་ཨ་རིའི་མངའ་སྡེ་ ཝར་མོཎྜ་ དུ་ཆིབས་བསྒྱུར་གནང་འདུག
2012-10-12
སྐབས་དང་པོའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དེ་ཁ་སང་གནང་ཞིང་། དེ་རིང་དང་སང་ཉིན་འགྲན་བསྡུར་དངོས་གཞི་གནང་གི་ཡོད་པ་རེད།
2012-10-12
འབར་མའི་དགེ་འདུན་པ་སྟོང་ཕྲག་འགའ་ཤས་འབར་མའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པའི་ནང་འདུ་འཛོམས་ཀྱིས། ཁ་ཆེའི་མི་རིགས་ལ་འཛམ་གླིང་ཁ་ཆེའི་ཚོགས་པས་རོགས་རམ་བྱ་རྒྱུར་ངོ་རྒོལ་གནང་འདུག
2012-10-12
རྒྱ་ནག་རྩོམ་པ་པོ་ མོ་ཡེན་ ལ་འདི་ལོའི་ནོ་སྦེལ་རྩོམ་བྲིས་ཀྱི་བྱ་དགའ་ཐོབ་ཡོད་ཀྱང་། རྒྱ་རིགས་མང་གཙོ་དོན་གཉེར་ཅན་གྱིས་མོ་ཡེན་ནི། རྒྱ་ནག་གུང་ཁྲན་ཏང་གི་རྒྱུགས་ཁྱི་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད།
2012-10-11
ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་མགོ་ལོག་འཇིགས་མེད་དམ་འཇིགས་མེད་རྒྱ་མཚོ་དང༌། ཡང་འཇིགས་མེད་མགོ་རིལ་ལམ་འཇིགས་མེད་རྒྱ་མཚོ་གཉིས་ཀྱི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པ་རེད་འདུག
2012-10-11
བོད་ཀྱི་སེ་ར་དགོན་པ་ནས་དགེ་འདུན་པ་ཤེས་རབ་མཚན་སྤེལ་ལགས་ཞུ་བ་ཞིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་ཕྱི་ཟླ་ ༡༠ ཚེས་ ༤ དགོང་མོ་གསང་རྒྱ་དམ་པོའི་འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག
2012-10-11
ཨ་མདོ་མཚོ་སྔོན་གཅན་ཚར་མདའ་རྩེད་དུས་སྟོན་ཞེས་པ་ཚུགས་སྐབས། ས་གནས་རྒྱ་ནག་གཞུང་གིས་བོད་མི་ཚོར་གཡུ་དང་བྱུ་རུ་སོགས་ཀྱི་བརྒྱན་ཆ་སྤྲས་ཏེ་དུས་སྟོན་དེའི་ཐོག་མཉམ་ཞུགས་དགོས་པའི་བཀའ་རྒྱ།
2012-10-11
ཁ་ཆེ་འགའ་ཞིག་གིས་གཏོར་བཤིག་རང་བཞིན་ལྡན་པའི་བྱ་སྤྱོད་བསྩམས་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཁ་ཆེའི་ཆོས་ལུགས་ཀྱི་རང་བཞིན་དེ། ལྡོག་ཕྱོགས་ཅན་དུ་མཐོང་ཚུལ་འཛིན་པ་དེ་ཚུལ་དང་མི་མཐུན་པ་རེད་ཅེས་བཀའ་གནང་།
2012-10-10
བོད་ནག་ཆུར་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་དགུ་འགྲུབ་ཀྱི་སྤུན་མཆེད་གསུམ་གཙོས་བོད་མི་སུམ་ཅུ་ཙམ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱས་འདུག
2012-10-10
ཕྱི་རྒྱལ་གསར་འགོད་པ་བོད་ནང་དངོས་སུ་སོང་ནས་བོད་ནང་གི་བོད་མིའི་རང་ལུས་མེ་བསྲེགས་དང་། དངོས་ཡོད་གནས་ཚུལ་ཐད་རྩད་གཅོད་སྐབས་མེ་བསྲེགས་ལས་འགུལ་དངོས་བྱུང་ཡིན་པ་ཕྱི་བསྒྲགས་བྱས་འདུག
2012-10-10
འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་མཛད་རིམ་རྗེས་མུ་མཐུད་འཛམ་གླིང་གཅིག་གྱུར་གྱི་རོལ་དབྱངས་འདུ་འཛོམས་ཞེས་པ་ཚོགས་ནས་དེར་ཡང་༧གོང་ས་མཆོག་དབུ་བཞུགས་གནང་ཡོད་པ་རེད།
2012-10-10
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་མི་རི་ཀ་ནས་ཁ་སང་གཏམ་བཤད་གནང་སྐབས་བོད་དང་རྒྱ་ནག་བར་བོད་དོན་ཞི་བའི་གྲོས་མོལ་གནང་ཐུབ་པའི་རེ་བ་ཡོད་པ་གསུངས་འདུག
2012-10-09
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༤༣འཁོར་བའི་དུས་ཆེན་སྐབས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་ཉམས་མེད་བར་ཇེ་ཆེར་འགྲོ་བཞིན་པ་ཚོགས་གཙོས་མཛད་སྒོའི་ཐོག་བཤད་འདུག
2012-10-09
༧གོང་ས་མཆོག་གིས་ཨ་རིར་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་བསྐྲུན་ཆེད་དངོས་སུ་ལས་དོན་སྤེལ་དགོས་པའི་སྐོར་བཀའ་གནང་ཡོད་པ་དང་། ཨ་མི་རི་ཀར་ཉིན་གྲངས་༡༣རིང་གི་མཛད་འཕྲིན་སྐྱོང་བཞིན་པ་རེད།
2012-10-09
བལ་ཡུལ་རྒྱལ་ནང་བདེ་འཇགས་མེད་པའི་གནས་སྟངས་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་མཁན་ཚོར་ཞིབ་འཇུག་ཐག་གཅོད་ཡག་པོ་གནང་གི་མེད་པར་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སྐྱོན་བརྗོད་བྱས་འདུག