གསར་འགྱུར་ཡིག་ཚགས།
2012-07-30
ཧོང་ཀོང་གི་དགེ་རྒན་སློབ་ཕྲུག་དང་ཁྱིམ་བདག་ཕ་མ་སྟོང་ཕྲག་མང་པོས་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོ་འཆར་གཞི་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས་འདུག
2012-07-30
རྒྱ་ནག་ཆིན་ཏོང་གྲོང་ཁྱེར་ནང་ཆུ་དོང་གསར་འཛུཊ་ཐད་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་རྗེས་གསར་ལམ་ཁག་གིས་གཞུང་འཛིན་དཔོན་རིགས་ཚོས་མང་ཚོགས་ཀྱི་བློ་འཚབ་ལ་ཉན་འཇོག་དགོས་བའི་འབོད་སྐུལ་བྱས་འདུག
2012-07-29
རྒྱ་ནག་གཞུང་གིས་ཧོང་ཀོང་གི་སློབ་གྲྭའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཚན་སློབ་ཁྲིད་བྱ་རྒྱུའི་འཆར་གཞི་དེར་མི་མང་གིས་ངོ་རྒོལ།
2012-07-29
རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་ས་འོག་གསང་ལམ་མི་ཊར་བཞི་བརྒྱ་བྱས་པ་ཞིག་རྙེད་ཡོད་པའི་གནས་ཚུལ།
2012-07-28
ཉི་ཧོང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་མཚོ་གླིང་བདག་དབང་ཐད་དམག་དཔུང་གཏང་སྲིད་པའི་སྐོར་གསུངས་འདུག
2012-07-28
རྒྱལ་སྤྱིའི་ཨོ་ལིམ་པིཀསི་གྱི་རྩེད་འགྲན་ཐེངས་གསུམ་བཅུ་པ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གཟི་བརྗིད་ལྡན་པའི་ངང་དབུ་འབྱེད་བྱས་ཡོད་པ།
2012-07-28
༸གོང་ས་མཆོག་གིས་ལ་དྭགས་སུ་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རིའི་ལྷ་ཁང་་རྟེན་དང་བརྟེན་པ་བཅས་པ་ལ་རབ་གནས་གནང་འདུག
2012-07-27
འདི་རིང་ཚེས་ ༢༧ ཉིན། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླེའི་ལམ་སྒྲོན་སློབ་གྲྭའི་ཚན་རིག་ཚན་པའི་སློབ་ཁྲིད་ཐོག་ཁང་དབུ་འབྱེད་དང་། ས་གནས་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཤེས་ཡོན་དང་ཆོས་ལུགས་མཐུན་འབྲེལ་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་རེད།
2012-07-27
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྐྱ་གྲིབ་ཀྱི་སྨན་བཅོས་གནང་ཡུལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སྐད་གྲགས་ཆེ་བའི་AIIMS སྨན་ཁང་གི་མིག་སྨན་བཅོས་སྡེ་ཚན་ལ་རྒྱ་གར་གྱི་སྒོར་མོ་འབུམ་༡༠ ཡི་ཞལ་འདེབས་གསོལ་སྕལ་གནང་ཡོད་པ་རེད།
2012-07-27
རྒྱ་ནག་གཞུང་གིས། Gu Kailai ལ་དབྱིན་ཇིའི་ཚོང་པ་ཞིག་བསད་པའི་ཁྲིམས་བཤེར་བྱ་རྒྱུའི་གནས་ཚུལ་སྤེལ་བའི་རྗེས། འདི་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་དྲ་གནས་ཤིག་ཐོག་Gu ཡི་གནད་དོན་གླེང་གཞི་གཙོ་བོར་གྱུར་ཏེ་དོ་སྣང་ཅན་ཚོའི་བསམ་ཚུལ་དྲ་གནས་དེའི་ཐོག་བཀོད་སྤེལ་བྱེད་ཐབས་བྱས་ཀྱང་དྲ་གནས་དེ་བཀག་འགོག་བྱས་ཡོད་པ་རེད།
2012-07-27
བཀའ་ཟུར་ཨ་ལགས་འཇིགས་མེད་རིན་ཆེ་མཆོག་ཁ་སང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དབུས་ཀྱི་ལས་ཁུངས་ཁག་ཉིན་ཕྱེད་སྒོ་བརྒྱབ་འདུག
2012-07-26
བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་སྙུང་མནར་གྱིས་ད་རང་སྔ་དྲོ་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ནས་ཀངྒ་ར་རྫོང་གི་Shree Balaji སྨན་ཁང་དུ་གདན་འདྲེན་ཞུས་ཡོད་ནའང༌། ཉིན་རྒྱབ་ཕྱག་ཚོད་༢།༡༥ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
2012-07-26
ཨ་མི་རི་ཀས་རྒྱ་ནག་གི་སྐུ་ཚབ་མཉམ་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་གནང་བའི་སྐབས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་འདུག
2012-07-26
བདེན་པའི་མི་ལྕེ་བཞུགས་སྒར་དྷ་རམ་ས་ལར་འབྱོར་བ་དང་བསྟུན། བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་ས་གནས་མི་མང་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་མཛད་སྒོ་ཟབ་རྒྱས་གནང་འདུག
2012-07-26
ཟླ་བ་འདིའི་ནང་ཧོང་ཀོང་དུ་གཞི་རྒྱ་ཆེ་བའི་མང་གཙོའི་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་བྱེད་མཁན་རྒྱ་མི་རིགས་མང་གཙོ་དོན་གཉེར་བ་གཉིས་ལ་རྒྱ་ནག་གཞུང་གིས་ངལ་རྕོལ་བསྒྱུར་བཀོད་ཀྱི་ཉེས་ཆད་བཏང་ཡོད་པ་རེད།